《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月14日

ཀྲུང་གོའི་རུ་ཁག་གིས་རི་ཀླུང་གངས་ཤུད་ཀྱི་སྐྱེས་པའི་སྤྱི་ལེ་4×7.5ཡི་རྒྱུག་མཐུད་ཀྱི་གསེར་གྱི་རྟགས་མ་བླངས་པ།

ཚེ་རིང་དགྲ་འདུལ་དང་རུ་གྲོགས་ལ་གསེར་གྱི་རྟགས་མ་ཐོབ་པ།

འདི་ནི་བོད་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ(ལྗང་མདོག་བཞི་པ)གྱིས་འགྲན་བསྡུར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཧར་པིན་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་12ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་རི་ཀླུང་གངས་ཤུད་ཀྱི་སྐྱེས་པའི་སྤྱི་ལེ་4×7.5ཡི་རྒྱུག་མཐུད་མཐའ་བསྡུར་ནང་ལི་མིང་ལིན་དང་། ཚེ་རིང་དགྲ་འདུལ། པའོ་ལིན། དེ་བཞིན་ཝང་ཆང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་སྐབས་འདིའི་འགྲན་བསྡུར་ནང་ཐོབ་པའི་གསེར་གྱི་རྟགས་མ་31པ་དེ་རེད།