《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月12日

བོད་ལྗོངས་མཁའ་འགྲུལ་གྱིས་གཞིས་རྩེའི་གམ་པའི་ལུག་ཤ་དབོར་འདྲེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV9804ཡིས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གི་ལུག་ཤ་སོས་པ་ཁག་དང་པོ་དབོར་ཞིང་། ལུག་ཤ་དེ་དག་གཞིས་རྩེ་ནས་ལྷ་སར་དབོར་ནས་ལས་སྣོན་ཞིབ་ཚགས་བྱས་རྗེས་མཁའ་ལམ་ནས་ཁྲེང་ཏུར་དབོར་ཡོད།

ཡོམ་འགོག་གེགས་སེལ་གྱི་ལས་དོན་དེ་གནས་སྐབས་བཀོད་སྒྲིག་ནས་བར་བརྒལ་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་བསྒྱུར་བ་དང་བསྟུན་ནས། བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་འགྲུལ་སྐྱེལ་འདྲེན་གྱི་ལེགས་ཆ་གང་ལེགས་བཏོན་ཏེ། གཞིས་རྩེའི་ཁྱད་ལྡན་ཐོན་རྫས་མགྱོགས་མྱུར་བོད་ནས་ཕྱིར་གཏོང་བྱེད་པར་རོགས་རམ་བྱས་པ་མ་ཟད། དཔལ་འབྱོར་དངོས་ཟོག་འཁོར་རྒྱུག་མགྱོགས་མྱུར་སླར་གསོ་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་ཐུབ་པར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་སྣེ་ཁྲིད་སྒྲིག་འཛུགས་འོག བོད་ལྗོངས་མཁའ་འགྲུལ་གྱིས་བོད་ལྗོངས་ཞིབ་དཔྱད་ཁས་ལེན་དཔང་འདོན་དང་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་དང་མཉམ་དུ“གམ་པའི་ལུག་གི་ཁུངས་འདེད་དཔང་འདོན”དང་རྒྱལ་ཡོངས་གྱི་སྦྲག་བསྐུར་ཕྱིར་ཚོང་ལས་དོན་སྤེལ་བ་དང་འབྲེལ། “གམ་པའི་ལུག་བོད་ནས་ཕྱིར་གཏོང་རོགས་བྱེད་པ”གོ་སྐབས་སུ་བྱས་ནས“བོད་ཟོག་བོད་ནས་ཕྱིར་ཐོན་པའི”དྲ་ཐོག་ཚོང་དོན་ཟོག་འགྲེམས་བྱེད་ཐབས་རིམ་གྱིས་འཚོལ་ཞིབ་བྱས་ཡོད།

ད་ཐེངས་ཀྱི་མཉམ་ལས་དེ“ལམ་ཕྱེད་གྲང་ཕྲེང”དང་། “བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད” “ཡུལ་གཞན་གྱི་མཛོད་ཁང” “བོད་སྐྱོད་སྦྲག་བསྐུར”བཅས་ཀྱི་བྱེད་ཐབས་གསར་གཏོད་དང་འཚོལ་ཞིབ་བྱས་ནས། བོད་ལྗོངས་མཁའ་འགྲུལ་གྱི“བོད་ཟོག་བོད་ནས་ཕྱིར་ཐོན་པའི”གཅིག་འཐུས་རྣམ་པའི་མཁའ་ལམ་དང་ས་ལམ་གྱི་ཟོག་འགྲེམས་ཞབས་ཞུའི་ལས་སྟེགས་ཀྱི་ཕན་ནུས་སྔར་བས་བཏོན་ཏེ། གཞིས་རྩེའི་གསོ་ཚགས་དུད་ཚང་དང་ས་གནས་དེ་གའི་བོད་སྐྱོར་ཁེ་ལས་དབར་མཉམ་ཤུགས་ཆགས་པར་སྐུལ་འདེད་བཏང་ནས་ཟོག་འགྲེམས་མ་གནས་དམའ་རུ་དང་ཁྲོམ་རའི་ཚོང་ལམ་རྒྱ་ཆེར་འགྲོ་བར་སྐུལ་འདེད་བཏང་བ་རེད།