འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། 2024ལོར་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གིས་ཁེ་ལས་ཁྲོམ་རར་ཞུགས་པའི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་གཞི་ཚུགས་པ་དང་ལྗོངས་ཕྱིའི་ཁེ་ལས་སྤུས་དག་བོད་དུ་མ་འཇོག་དང་ཁྲོམ་ཞུགས་མ་དངུལ་བསྡུ་རུབ་སོགས་ཀྱི་དགོས་མཁོར་དམིགས་ཏེ། ཁྲོམ་ཞུགས་བྱེད་རྩིས་ཡོད་པའི་ཁེ་ལས་ཀྱི་ཚོང་འགུགས་མ་འདྲེན་དང་ཕུལ་བྱུང་ཁེ་ལས་པ་བོད་དུ་ཡོང་ནས་མ་འཇོག་རྟོག་ཞིབ་སོགས་ཀྱི་ལས་དོན་སྤེལ་བར་ཕན་འབྲས་བཟང་པོ་ཐོབ་ཡོད། 2024ལོར་རང་ལྗོངས་ཀྱིས་ཁྲོམ་ཞུགས་བྱེད་རྩིས་ཡོད་པའི་ཁེ་ལས་9བོད་དུ་ནང་འདྲེན་བྱས་པ་དེ་དག་གིས་བོད་ལ་མ་འཇོག་ལས་དར་བྱས་ཏེ་བོད་ལ་ཐོ་འགོད་བྱས་པའི་མ་རྩ་བསྡོམས་སྒོར་དུང་ཕྱུར་1.6ཙམ་ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གིས་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་དང་མཉམ་དུ་སྔ་རྗེས་སུ་པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ། ཧང་ཀྲོའུ། ཞ་མོན། ཧྲེན་ཀྲེན། ཁྲང་ཧྲ་སོགས་སུ་བསྐྱོད་དེ། ཁྲོམ་ཞུགས་བྱེད་རྩིས་ཡོད་པའི་ཁེ་ལས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་སྤེལ་བ་དང་། ཏང་ཀྲུང་དབྱང་གིས་བོད་ཀྱི་ཁེ་ལས་ཁྲོམ་ཞུགས་བྱེད་པར“ཐོགས་མེད་བགྲོད་ལམ”གྱི་གཟིགས་སྐྱོང་སྲིད་ཇུས་གནང་ལུགས་ངོ་སྤྲོད་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”སྲིད་ཇུས་ཀྱི་ལེགས་ཆ་ཁག་སྒྲོག་འགྲེལ་བྱས་ནས། ཧྥུའུ་ཤིན་ཡའོ་ཧུང(བོད་ལྗོངས)སྨན་རྫས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ལེ་ཅིན་ཚན་རྩལ་ཚད་ཡོད་ཀུང་སི། ལྷ་ས་སི་རུའེ་ཆི་ཆ་འཕྲིན་ལག་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁྲོམ་ཞུགས་བྱེད་རྩིས་ཡོད་པའི་ཁེ་ལས་9བོད་དུ་གནས་སྤོ་དང་མ་འཇོག་ལས་དར་ཐུབ་པར་ནང་འདྲེན་བྱས་པ་རེད།