《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月07日

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་དུ། ཅཱ་ཡུང་མིང་དང་ཆུང་གོ་གཉིས་ཀྱི་མི་རིགས་མི་གཅིག་པའི་བརྩེ་དུང་ལ་ཡུལ་མི་ཚོས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། 1995ལོར་སི་ཁྲོན་ནས་ཡིན་པའི་ཕོ་གཞོནཅཱ་ཡུང་མིང་སྙེའུ་ཤང་དུ་གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་ཀར་ཞུགས་རིང་བོད་རིགས་བུ་མོ་ཆུང་གོ་དང་ངོ་ཤེས་ནས་ལས་འགྲོའི་མདུད་པ་ཐེབས་ཏེ་གཉེན་སྒྲིག་བྱས་ཤིང་། དུས་དེ་ནས་བཟུང་དེ་གར་ཁྱིམ་གཞིས་བཙུགས། ད་ཆ་ལོ་20ལྷག་ཙམ་སོང་བ་དང་ཁོང་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གཏམ་རྒྱུད་སྙན་མོ་ས་ཆ་དེར་ཁྱབ་ནས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་གྲགས། འདི་ནི་ཅཱ་ཡུང་མིང་བཟའ་ཚོས་ཞིང་ནང་དུ་ལོ་ཏོག་ལ་ལྟ་བཞིན་པ།