དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བརྒྱུད་རིམ་ཁྲོད། སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ། ཤེས་དཔལ་ལག་ལེན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཤེས་དཔལ་མེ་ཏོག་གི་བཀྲག་མདངས་རྒྱས་པར་བྱས་ཡོད།
དང་བླངས་སྟོབས་ཤུགས་སྔར་བས་གཅིག་སྡུད་བྱ་ཆེད། སྣེ་གདོང་ཁྲོམ་གཞུང་གིས་ཤང་ཡཱ་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་དང་ཅང་སུའུ་དགེ་འོས་སློབ་ཆེན་ཚན་རིག་རིག་གནས་སློབ་གླིང་གི་སྤྱི་ཕན་ཚོགས་པའི་དང་བླངས་ཞབས་ཞུའི་རུ་ཁག་གཉིས་ཧུར་ཐག་བསྡུས་ཏེ། “སྣེ་གདོང་YI+”ལས་དོན་སྤེལ་སྟངས་ལ་དམིགས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་མང་སྤེལ་བ་རེད། བྱེད་སྒོ་དེ་དག་སྤུས་ཚད་མཐོ་བ་དང་། རྣམ་གྲངས་ཅན། ཁྱད་ཆོས་ལྡན་པ། མང་ཚོགས་དང་འབྲེལ་འདྲིས་ཟབ་པ་བཅས་ཀྱི་ཐོག་ནས་ཤེས་དཔལ་ལག་ལེན་གྱི“ཀུན་སེམས་གཅིག་མཐུན”བཏོད་ཡོད་པ་རེད།
སྣེ་གདོང་ཁྲོམ་གཞུང་གིས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་མི་སེར་ལ་བརྒྱུད་སྤྲོད་བྱས་ཡོད། སྡེ་ཁུལ“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་བྱེད་པ། ཀུན་སྤྱོད་དཔེ་བཟང་བཅས་དང་བླངས་པར་བསྡུས་པ་དང་། སྡེ་ཁུལ་ཏང་གི་སློབ་གྲྭ་དང་གྲོང་མིའི་སློབ་ཁང་དུ་བཅའ་ཁྲིམས་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། “ཡུལ་སྲོལ་སྒྱུར་ནས་སྤྱོད་ཚུལ་གསར་པ་འཛུགས་པ”དང་། “གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པ”“ཤེས་དཔལ་དང་། སྐྱོན་བྲལ། ལྗང་མདོག་བཅས་གཏོད་པ”སོགས་ཀྱི་དང་བླངས་བྱེད་སྒོ་སྤེལ་བ་རེད།
སྡེ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་ཡུལ་སྲོལ་སྒྱུར་བའི་བྱེད་སྒོ་ཞིག་གི་ཁྲོད། སྡེ་ཁུལ་གྱི་ལས་བྱེད་པ་ཨ་ཅག་ཝང་ལགས་ཀྱིས་གྲོང་མིར“ཚང་མས་རྒྱས་སྤྲོས་འཕྲོ་བརླག་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སོགས་གོམས་སྲོལ་རྙིང་པ་དོར་ནས་མཉམ་དུ་ཤེས་དཔལ་འཆམ་མཐུན་གྱི་སྡེ་ཁུལ་ཁོར་ཡུག་སྐྲུན་དགོས”ཞེས་དྲིལ་བསྒྲགས་བྱས། གྲོང་མི་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དང་ལེན་བྱས་ནས་ཡུལ་སྲོལ་སྒྱུར་བའི་ཤེས་དཔལ་ལག་ལེན་སྔར་བས་ལག་བསྟར་བྱས། ཁྲོམ་གཞུང་གིས“ཡག་ཤོས”འདེམས་པའི་བྱེད་སྒོ་སྐབས་དང་པོ་གཉེར་ནས་གྲོང་མི་ཡག་ཤོས་6དང་། སྡེ་ལས་ཀྱི་ལས་མི་ཡག་ཤོས་3 ཁུལ་ཆུང་ཡག་ཤོས་2བཅས་བདམས་པ་རེད། མིག་དཔེ་དེ་དག་གི་སྟོབས་ཤུགས་ཀྱིས་གྲོང་མི་དེ་བས་མང་བར་ཤེས་དཔལ་སྲོལ་གསར་དར་སྤེལ་གཏོང་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད།
སྣེ་གདོང་ཁྲོམ་གཞུང་གིས་ཤེས་དཔལ་གྱི་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཤིང་། “ང་ཚོའི་དུས་ཆེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད“མི་རིགས་མཐུན་སྒྲིལ་གྱི་ཟླ་མཆོད་དུས་ཆེན་གླེང་། དུས་ཆེན་ལ་རྟེན་འབྲེལ་ཞུས་ནས་ཏང་གི་བཀའ་དྲིན་དྲན”དང“རྒན་རྒོན་ལ་བརྩེ་བ་བཅངས་ནས་དགུ་པའི་ཚེས་དགུའི་དུས་ཆེན་དགའ་གཏོང་བྱེད”སོགས་ཏང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་དག་ལས་གྲོང་མིས་རྒྱལ་ཁབ་དང་ཁྱིམ་ཚང་ལ་བཅངས་པའི་བརྩེ་བ་ཟབ་ཏུ་ཕྱིན་པ་མ་ཟད། མི་རིགས་ཀྱི་མོས་སེམས་དང་གོང་བུ་སྒྲིལ་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།
སྣེ་གདོང་ཁྲོམ་གཞུང་གིས་ཁྱད་ལྡན་དང་བླངས་ཞབས་ཞུའི་དཔུང་ཁག་གཞི་རྟེན་དུ་བྱས་ནས། ཤེས་དཔལ་ལག་ལེན་ལས་དོན་དེ་མི་སེར་གྱི་སྒོ་ཁ་དང་གྲོང་མིའི་འགྲམ་དུ་རྒྱ་སྐྱེད་བཏང་ཡོད། “གཡུལ་ས་དང་། དཔུང་ཁག བྱེད་སྒོ་བཅས་ཟུང་དུ་འབྲེལ་བའི”རྣམ་པ་གཞིར་བཟུང་། “གཅེས་སེམས་བཅངས་ནས་ཞབས་འདེགས་ཞུ། སྡེ་ཁུལ་གྱི་འཚོ་བར་འོད་སྣང་སྦྱིན”པའི་དམངས་ཕན་ཞབས་ཞུའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། སྡེ་ཁུལ་གྱི་གྲོང་མི་ལི་ལགས་ཀྱིས“བྱེད་སྒོ་དེ་ཧ་ཅང་ཡག་པོ་འདུག ང་ཚོར་སྒོ་ཁ་ནས་སྤུས་ལེགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་འདུག”ཅེས་བཤད།
(ཉི་དོན་དང་བདེ་དབང་གིས་སྒྱུར་ཞུས་བྱས)