《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月07日

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ལུང་རི་སྡེ་ཁུལ་གྱིས།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ གི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ལུང་རི་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ལུང་རི་སྡེ་ཁུལ་གྱི“ཨུ་ལྷན་གཉིས”དང་མཉམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། དེའི་དམིགས་ཡུལ་ནི་སྐད་སྒྲ་དང་ཡི་གེ་བརྒྱུད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། སློབ་སྦྱོང་གི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་སྤྲོ་སེམས་དང་རྒྱལ་གཅེས་བརྩེ་སེམས་འཕེལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་རྒྱུ་ཡིན་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། གཏམ་བཤད་འགྲན་བསྡུར་དང་། ཡིག་གཟུགས་འགྲན་བསྡུར། བོད་རྒྱ་ཡིག་སྒྱུར་འགྲན་བསྡུར་སོགས་བྱེད་སྒོའི་རྣམ་གྲངས་མང་པོ་ཡོད་པ་དང་། དེའི་ནང་ཞུགས་མཁན་བདམས་ཐོན་པས་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་ཟུར་ཚད་མི་འདྲ་བའི་ཐོག་ནས་གསལ་འགྲེལ་བྱས་པ་དང་། སྣག་ཚ་དང་སྨྱུ་གུར་བརྟེན་ནས་རྒྱ་ཡིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ལ། ཡང་དག་པའི་སྒྲ་འདོན་སྟངས་ཀྱི་ཚད་གཞིའི་ཐོག་ནས་སློབ་སྦྱོང་གི་གྲུབ་འབྲས་སྙན་སེང་ཞུས་ཡོད། མཐར་དཔྱད་འདེམས་ཨུ་ཡོན་ཚོས་བདམས་ཐོན་པ་ཚོའི་སྦྱངས་འབྲས་ཡག་ཉེས་ལ་གཞིགས་ནས་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་བཅས་བདམས་པ་མ་ཟད། བྱ་དགའ་ཐོབ་པའི་བདམས་ཐོན་པར་བྱ་དགའ་ཡང་སྤྲད་པ་རེད།