མཁའ་དབྱིངས་ཀྱི་མངའ་རིས་ནི་བོད་ཀྱི་ནུབ་རྒྱུད་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པས“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཀྱི་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་ཆ་འདིར་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་ལྟ་བས་མི་ངོམས་པ་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཅིང་ལོ་རྒྱུས་རིང་པོ་ཡོད།
“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བའི་2024ལོའི་ཟླ་10ཚེས་15ཉིན་ནས་2025ལོའི་ཟླ་3ཚེས་15ཉིན་བར། གངས་རིན་པོ་ཆེ་མཛེས་ལྗོངས་ཁུལ་དང་། མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ། མཚོ་མོ་ངང་ལྷ་རིང་མོའི་མཛེས་ལྗོངས་ཁུལ། ཕྱི་གཡང་དུང་དཀར་བྲག་ཕུག་གི་རྗེས་ཤུལ། འཁོར་ཆགས་དགོན། ཁྱུང་ལུང་དངུལ་མཁར། བཀྲ་རི་གནམ་མཚོ་སོགས་མཛེས་ལྗོངས་ཁུལ་དུ་སྤ་སེའི་རིན་པ་མི་དགོས་པའི་བྱེད་སྒོ་སྤེལ་བ་དང་། རིག་གནས་བསམ་བཀོད་ཚོང་ཟོག་རབ་དང་རིམ་པ་རིན་གོང་ཕྱེད་ཀ་བཅག་ནས་འཚོང་བ། སྐར་མ་རིམ་པའི་གསོལ་མགྲོན་ཁང་ལ་ཁང་རིན་བཅག་པ་དང་ཁང་རིན་དམའ་ཤོས་བཅུ་ཆ་4.5བར་བཅག་པ་སོགས་ཡུལ་སྐོར་བ་རྣམས་ལ་དངོས་ཕན་ཆེན་པོ་སྤྲད་ཡོད། གཞན་ཡང་། མངའ་རིས་ས་ཁུལ་གྱིས་ལྷོ་བྱང་གི་སྐོར་ལམ་ཆེན་པོ་དང་། གནའ་བོའི་ཞང་ཞུང་རིག་གནས་སྤུས་ལེགས་སྐོར་ལམ་དང་བྱང་རྩྭ་ཐང་གི་རི་སྐྱེས་སྲོག་ཆགས་ལྟ་སྐོར་ལམ་ཐིག་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་ཚགས་ཚུད་པོ་བཏོན་ནས། ཡུལ་སྐོར་བ་ཚོས་གངས་འཁྱགས་ཀྱི་མཛེས་ལྗོངས་ལ་རོལ་བ་དང་ས་མཐོར་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ་ཡི་ཡོད།