ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རྒྱབ་སྐྱོར་དང་མཐུན་སྦྱོར་འོག ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལས་དོན་པ་དང་། རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ། དེ་བཞིན་ཤང་དང་གྲོང་རྡལ་དང་གྲོང་ཚོ(གྲོང་ལྷན)ཕུལ་བྱུང་རིག་གནས་ལས་དོན་པའི་འཐུས་མི་བཅས་སྒྲིག་འཛུགས་བྱས་ནས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དང་ཤང་དབྱང་གྲོང་ཁྱེར་དུ་རིག་གནས་མཉམ་འདྲེས་དང་ལྟ་སྦྱོང་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། སྤེལ་རེས་ཚོགས་པས་རིག་གནས་ཡུལ་སྐོར་དང་། ཐོན་ལས་འཕེལ་རྒྱས། མཛེས་ལྗོངས་ཁུལ་གསར་སྤེལ་གཉེར་སྐྱོང་། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་སོགས་ཐད་ཀྱི་ཝུའུ་ཧན་གྲོང་ཁྱེར་དང་ཤང་དབྱང་གྲོང་ཁྱེར་གྱི་ལས་ཀའི་ཉམས་མྱོང་དང་ཁྱད་ལྡན་བྱེད་སྟངས་ལ་རྒྱུས་མངའ་ཞིབ་ཕྲ་ལོན་ཡོད། འདི་ནི་སྤེལ་རེས་ཚོགས་པ་དང་བཅས་པས་ཤང་དབྱང་གྲོང་ཁྱེར་ཀུའུ་ཁྲེང་རྫོང་ཡན་ཧོ་གྲོང་ཚོའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱེད་བཞིན་པ།