རྟེན་མཛོད་ཁང་དུ་ལོ་གསར་གཏོང་བ་དེ་ད་ཆ་ལོ་གསར་གྱི་གོམས་སྲོལ་ཞིག་ཏུ་འགྱུར་བཞིན་ཡོད། དཔྱིད་གསར་དུས་ཆེན་རིང་། བོད་ལྗོངས་རྟེན་མཛོད་ཁང་གིས་དྲ་ཐོག་དང་དྲ་ཕྱི་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ལྟད་མོ་ཆེ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། དེ་ག་ནི་གྲོང་མི་དང་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། འདི་ནི་ཡུལ་སྐོར་བ་བོད་ལྗོངས་རྟེན་མཛོད་ཁང་དུ་འགྲེམས་སྟོན་གྱི་བྱེད་སྒོར་ཞུགས་བཞིན་པ།