《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月06日

རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་2025ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

ལིའུ་ཅང་ཞུགས་ནས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་2025ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་སྡུད་མཁན་བཅས་ཡིན་པའི་ལིའུ་ཅང་ཞུགས་ནས་གསུང་བཤད་གནང་བ་རེད།

ཀུང་ཧུའེ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲང་ཧུང་པོ་ཞུགས་པ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 2024ལོའི་ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་དང་2025ལོའི་ཡིག་འབུལ་ཞུ་བཅར་ལས་དོན་བཀོད་སྒྲིག་བྱས་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ལིའུ་ཅང་གིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ཡིག་འབུལ་ཞུ་བཅར་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལ་བརྟེན་ནས་ཡིག་འབུལ་ཞུ་བཅར་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་མཐའ་འཁྱོངས་བྱས་ནས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། འགན་དབང་གཅིག་གྱུར་དང་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱས་ནས་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་ཤར་གཏོང་བྱས་ཏེ་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཡིག་འབུལ་ཞུ་བཅར་ཡོད་ཕྱིན་ངེས་པར་དུ་ཐོ་འགོད་པ་དང་འདེད་སྐྱེལ་གནད་སྨིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་ཐོག་ཏུ་བདག་སྤྲོད་དང་གཉེར་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། འདྲི་བརྟག་ཟུང་འབྲེལ་དང་སྔོན་ལ་འདུམ་འགྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བསྐྱར་བཤེར་དང་བསྐྱར་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁྲིམས་དང་སྲིད་ཇུས་ལྟར་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། འགན་སེམས་ཆེ་རུ་བཏང་ནས་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་བཏང་སྟེ“བྱེད་དགོས་ངེས་བཞི་མི་བྱེད་པའི”གནད་དོན་ཡོ་བཅོས་ནུས་ལྡན་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་དང་སྤྱི་ཚོགས་བརྟན་ལྷིང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།

ལིའུ་ཅང་གིས་བླང་བྱ་བཏོན་དོན། རིམ་ཁག་སྡེ་ཚན་ཁག་དང་ཡིག་འབུལ་ཞུ་བཅར་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ་དང་ཞབས་ཞུ་འགན་སྲུང་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་ནས“འབྱུང་རྩ་ནས་བཅོས་སྒྲིག་ཟབ་ཏུ་གཏོང་བ་དང་ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་སེལ་བའི”ཆེད་དོན་དམ་འཛིན་བྱ་གཞིར་བྱས་ཏེ་ཡིག་འབུལ་ཞུ་བཅར་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏན་ཏིག་ཏིག་ངང་ཡག་པོ་སྒྲུབ་དགོས། འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འདི་ལོའི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཁག་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བཅས་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་མཐའ་གཅིག་ཏུ་གཏོད་དགོས།