《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月05日

འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་ཁག་གསུམ་ལྷ་སར་མཉམ་དུ་མངོན་པ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་འཁྲབ་སྟོན་ཁྲོད། བོད་ཀྱི་རིག་གནས་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ《བཀྲ་ཤིས་བདེ་ལེགས》ལ་དགའ་བསུ་ཆེན་པོ་ཐོབ་ཡོད། འཁྲབ་སྟོན་པ་ཚོས་མི་རིགས་མཐུན་སྒྲིལ་མཚོན་པའི་ལྟེ་མཐུན་སྒོར་དབྱིབས་ཤིག་གི་ཚུལ་དུ་དུས་ཐུང་སྐར་མ་གཉིས་ལྷག་ཙམ་ནང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཆེན་པོ་དགུ(ལྷ་མོ་དང་། པི་ཝང་ཞབས་བྲོ། རྒྱ་གཞས། རྒོད་པོའི་སྒྲ་སྙན། རལ་པ། སེ་མའི་བྲོ། འཇུ་བྲོ། འཆམ། འཇོ་མདའི་ཕུ་གཡུག་ཞབས་བྲོ་བཅས)གོ་ལ་ཧྲིལ་པོའི་ལྟད་མོ་བ་རྣམས་ལ་འཁྲབ་སྟོན་བྱས་ཤིང་། སྐབས་དེར་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དཔྱིད་གསར་དུས་ཆེན་དང་ལྷ་མོ་དང་། འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་བཅས་གསུམ་གར་སྟེགས་གཅིག་ཏུ་མངོན་ཡོད་པ་རེད།

ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལོ་གསར་ཐོག་མ་དེས་བོད་ཀྱིས་ལྟད་མོ་བ་ཚོར་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལྟད་མོ་བསྟན་ཡོད། ཐེངས་འདིའི《བཀྲ་ཤིས་བདེ་ལེགས》ཀྱི་གར་སྟེགས་ཐོག འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་ཆེན་པོ་གསུམ་གྱི་གཞི་རྒྱུ་ཕུད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ད་དུང་པི་ཝང་ཞབས་བྲོ་དང་། རྒྱ་གཞས། རྒོད་པོའི་སྒྲ་སྙན། རལ་པ། སེ་མའི་བྲོ། འཇུ་བྲོ། འཆམ་བཅས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བདུན་དང་། དེ་བཞིན་ཆབ་མདོའི་ཁྱད་ཆོས་ལྡན་པའི་འཇོ་མདའི་ཕུ་གཡུག་ཞབས་བྲོ་སོགས་ཀྱང་ཡོད་པ་རེད། དེ་དང་ཆབས་ཅིག བོད་ཡིག་ཡིག་གཟུགས་དང་། ཐང་གའི་སྒྱུ་རྩལ། སྤོས་བཅས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆེན་པོ་གསུམ་ཡང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་ངོམ་སྟོན་བྱས་པ་རེད།

ལེ་ཚན《བཀྲ་ཤིས་བདེ་ལེགས》ཀྱི་འཁྲབ་ཁྲིད་པ་ཧུང་ཐའོ་ཡིས“ང་ཚོས་ཁོང་ཚོ་འདེམས་དོན་གང་ཡིན་ཟེར་ན། ཁོང་ཚོ་ནི་ཚད་ལྡན་སློབ་གསོ་མྱངས་པའི་འཁྲབ་སྟོན་པ་དང་བསྡུར་ན་སྒྱུ་རྩལ་གྱི‘ཡུལ་ཉམས’དེ་བས་ལྡན་པ་དང་བོད་ཀྱི་གླུ་གར་ལ་དགའ་ཞེན་དེ་བས་ཆེ་བས་ཡིན། འདི་ནི་ང་ཚོས་དོ་སྣང་ཆེན་པོ་བྱེད་ས་ཞིག་ཡིན”ཞེས་བཤད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་གཞོན་པས་ཞུས)