《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་དུས་ཐུང་བོད་སྐྱོར་ལས་བྱེད་པ་ཧྥུའུ་མིང་གིས་བརྗོད་དོན།

གཞུང་ལས་ཁང་གཅིག་ནས་མི་སེར་ཚོའི་སེམས་ཁྲལ་སེལ་དགོས།

2024ལོའི་ཟླ་6པར། འཕྱོངས་རྒྱས་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་དུས་ཐུང་བོད་སྐྱོར་ལས་བྱེད་པ་ཧྥུའུ་མིང་སླེབས་ཤིང་། ཁོང་ནི་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ནས་ཐོན་པ་དང་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་མཁན་ཞིག་རེད། རྩ་འཛུགས་ཀྱི་བཀོད་སྒྲིག་དང་རང་འགུལ་ངང་རེ་ཞུ་བྱས་ནས་ཡོང་བའི་ཁོང་གིས། ས་མཐོར་ལས་ཀ་བྱེད་རིང་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་བ་མ་ཟད་དེ་བས་ཀྱང་ཕུགས་འདུན་བཟང་པོ་བཅངས་ཡོད།

དང་ཐོག་འཕྱོངས་རྒྱས་ལ་སླེབས་ནས་ཁོར་ཡུག་ལ་འཕྲོད་པར་བྱས་རྗེས། འཕྲལ་མར་ལས་ཀའི་ནང་ཞུགས་ནས་འཕྱོངས་རྒྱས་ཕྱོགས་བསྡུས་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ། ཆ་འཕྲིན་ཅན་འཛུགས་སྐྲུན་བཅས་ཚད་བརྒལ་ས་དང་ཤུགས་རྒྱག་སར་བརྩིས་ནས་དུས་བདེའི་འཕྱོངས་རྒྱས་འཛུགས་སྐྱོང་བྱེད་པར་རང་ནུས་གང་ཡོད་བཏོན་ཡོད།

འཕྱོངས་རྒྱས་རྫོང་གི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཁོང་གིས་འཕྱོངས་རྒྱས་རྫོང་གི་ཤང་དང་། གྲོང་རྡལ། གྲོང་ཚོ(གྲོང་ལྷན)བཅས་ལ་བསྐྱོད་དེ་ས་གནས་ས་ཐོག་ལ་འཚམས་འདྲི་དང་བརྟག་དཔྱད་བྱས་ནས་ཕྱོགས་བསྡུས་ལྟེ་གནས་ཀྱི་ལས་ཀ་དང་གནད་དོན་ཤེས་རྟོགས་ཐུབ་པར་བྱས་ཡོད། སྤྱི་ཚོགས་བཅོས་སྐྱོང་གི་སྟོབས་ཤུགས་གཞི་རིམ་ལ་ཡོད་ལ། འབྱུང་རྩའང་གཞི་རིམ་དུ་ཡོད་སྟབས། གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་མཐུན་སྦྱོར་ཧུར་ཐག་བྱས་ནས་རྫོང་རིམ་པ་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ལྟེ་གནས་ཀྱི་ལམ་སྲོལ་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ལྟེ་གནས་4ཚད་ལྡན་ཅན་འཛུགས་སྐྲུན་དང་། དངོས་ཚན་ཅན་འཁོར་སྐྱོད་ཡོང་བར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཕྱོགས་བསྡུས་ལྟེ་གནས་ཞབས་ཞུའི་ལས་སྟེགས་20སྔ་རྗེས་སུ་བསྐྲུན་ཏེ་ནུས་པ་ཐོན་པར་མཛུབ་ཁྲིད་བྱས་ཡོད།

གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་ཤེས་ལྡན་པའི་དཔུང་ཁག་ནི་འགག་རྩ་ཡིན་སྟབས། འཕྱོངས་རྒྱས་སུ་ལས་ཀ་བྱེད་འགོ་ཚུགས་པ་ནས་བཟུང་། ཧྥུའུ་མིང་གིས་ཤེས་ལྡན་པའི“བརྒྱུད་རོགས་ཁྲིད་གསུམ”ཧུར་ཐག་བྱས་ཏེ“ནམ་ཡང་གནས་ཐུབ་པའི”ཤེས་ལྡན་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་གསར་ཞུགས་ལས་བྱེད་པ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་ཆེད་ལས་དྲ་མིག་པ་23ལ་ལས་སྒོའི་མཛུབ་ཁྲིད་དང་། སྔ་རྗེས་སུ་ཆེད་བསྐོས་གཅིག་ལྕོགས་དྲ་མིག་པ་མི་ཐེངས་100ལྷག་ཙམ་གསོ་སྦྱོང་བྱས་ཏེ། དྲ་མིག་ཞབས་ཞུ་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ནུས་ལྡན་བཏང་ཡོད། རྫོང་ཡོངས་ཀྱི་དྲ་མིག་པས་དུས་བདེའི་དྲིལ་བསྒྲགས་ཉིན་མོ་དང་དུས་བདེའི་དྲིལ་བསྒྲགས་ཟླ་བ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་མཐུན་སྦྱོར་བྱས་ནས། གཅིག་སྡུད་དྲིལ་བསྒྲགས་དང་ཡུན་རིང་དྲིལ་བསྒྲགས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་ཡོད།

དྲ་ཐོག་ཆ་འཕྲིན་གྱི་ལས་སྟེགས་བརྒྱུད་གཞི་རིམ་གྱི་ཆ་འཕྲིན་གོང་འོག་ཤར་བགྲོད་དང་། ནུས་པ་ཆེ་ཤོས་བཏོན་པ་མ་ཟད། ཕྱོགས་བསྡུས་བཅོས་སྐྱོང་དྲ་མིག་གི་རྨང་གཞིའི་ཆ་འཕྲིན་དུས་ཐོག་དང་གནད་འཁེལ་ངང་གསར་བརྗེ་ཡོང་བའི་འགན་ལེན་བྱས་ཡོད། གཞི་རིམ་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་ཀྱི་ནུས་པ་གང་ལེགས་འདོན་ཆེད། ཧྥུའུ་མིང་གིས་རང་འགུལ་ངང་བྱས་རྗེས་བཞག་སྟེ་དྲ་མིག་པ་གསོ་སྦྱོང་གི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་ནས་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ་དྲ་མིག་པར་ལས་སྒོའི་རྩལ་ནུས་དང་། ལས་ཀའི་འགན་འཁྲིའི་སྐོར་འགྲེལ་བཤད་བརྒྱབ་ནས་ཆ་འཕྲིན་ཅན་གྱི་ལག་རྩལ་སྤྱོད་རྒྱུར་མཛུབ་ཁྲིད་བྱས་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། ཕུར་སྒྲོན་དང་པ་ཚེས་ཞུས)