《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་ནས་ལོ་གསར་བཏང་བ།

ད་ལོའི་དཔྱིད་གསར་དུས་ཆེན་དང་སོ་ནམ་ལོ་གསར་ཉིན་གཅིག་མ་གཏོགས་མཉམ་དུ་འཁེལ་བས། གཞིས་རྩེའི་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་ལོ་གསར་གྱི་རྣམ་པས་ཁེངས་པ་དང་ཚང་མ་མཉམ་འཛོམས་བྱས་ནས་གླུ་ལེན་གར་འཁྲབ་ཀྱིས་དཔྱིད་གསར་དུས་སྟོན་ལ་རོལ་བ་རེད། འདི་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ཡུལ་མི་ཚོར་ཞབས་བྲོ་འཁྲབ་བཞིན་པ།

དཔྱིད་གསར་དུས་ཆེན་རིང་། མི་མང་པོ་ཞིག་གཉེན་འཕྲད་དང་ཡུལ་སྐོར་བྱེད་པ་དང་ཡང་མི་མི་ཉུང་བ་ཞིག་གིས་དཔེ་ཀློག་ཁང་དུ་ཁུ་སིམ་སིམ་ངང་དཔེ་དེབ་ལྟ་བཞིན་དཔྱིད་གསར་དུས་ཆེན་གཏོང་གི་ཡོད། འདི་ནི་གྲོང་མི་ཚོས་ལྷ་ས་ལྟེ་བའི་དེབ་གྲོང་དུ་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་ལྟ་བཞིན་པ།