《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月04日

སྔོན་དཔག་བྱས་པའི་ཐོན་ཁུངས་ཀྱི་གཏིང་ཤུགས་ཏུན་དུང་ཕྱུར་1.5ཟིན་པ།

མཚོ་བོད་ས་མཐོ་འདི་ཉིད་འཛམ་གླིང་རིམ་པའི་ཟངས་ཀྱི་ཐོན་ཁུངས་རྟེན་གཞིར་འགྱུར་རྒྱུ་ཡིན་པ།

མཚོ་བོད་ས་མཐོ་འདི་ཉིད་འཛམ་གླིང་རིམ་པའི་ཟངས་ཀྱི་ཐོན་ཁུངས་རྟེན་གཞིར་གྱུར་ནས་ཟངས་ཀྱི་ཐོན་ཁུངས་ཀྱི་ལས་དོན་གསར་པ་སྤེལ་བཞིན་ཡོད་པ་རེད།

ཉེ་ཆར། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་བོད་ས་མཐོར་རིམ་རྩིས་བརྒྱབ་ན་ཟངས་ཀྱི་ཐོན་ཁུངས་ཏུན་ཁྲི་2000ལྷག་ཙམ་གསར་འཕར་བྱུང་བ་དང་སྔོན་དཔག་བྱས་པའི་ཐོན་ཁུངས་ཀྱི་གཏིང་ཤུགས་ཏུན་དུང་ཕྱུར་1.5ཟིན་ཡོད། མིག་སྔར་གཡུ་ལུང་དང་། རྡོ་ལུང་། ཅུས་ལུང་—རྒྱ་མ་—གཞུང་གྲོང་ཚོ། ཀྲུའུ་ནུའོ་བཅས་ཏུན་ཁྲི་སྟོང་རིམ་པའི་ཟངས་གཏེར་ཐོན་ཁུངས་ཀྱི་རྟེན་གཞི་བཞི་གྲུབ་ཡོད་པ་རེད། དེས་བཟོ་ལས་རྒྱལ་ཁབ་ཆེན་པོའི་དགོས་མཁོ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་སྔར་བས་ལེགས་པ་ཐུབ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད།

“བཟོ་ལས་ཀྱི་མ་རྒྱུ”ཞེས་འབོད་པའི་ཟངས་གཏེར།

ལྕགས་རིགས་ཁྲོད་ཟངས་ལ་བཟོ་ལས་ཀྱི་མ་རྒྱུ་ཞེས་ཟེར་གྱི་ཡོད།

རེས་སྐོར་གསར་པའི་གཏེར་ཁ་འཚོལ་བའི་ཚད་བརྒལ་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་བྱས་ནས་ལོ་བཞི་སོང་ཚུན། རྒྱལ་ཡོངས་སུ་གསར་འཕར་བྱུང་བའི་ཟངས་ཀྱི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་3000ལྷག་ཙམ་ཟིན་ཡོད།

མིག་སྔར། རང་རྒྱལ་གྱི་ཟངས་འཛད་སྤྱོད་བྱེད་ཚད་ཆེས་ཆེར་འཕར་ཏེ་ཕྱིར་གཏོང་ཁེར་གཙང་རྒྱལ་ཁབ་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་རྒྱལ་ཁབ་ཆེ་གྲས་དང་པོ་དང་ནང་འདྲེན་ཁེར་གཙང་རྒྱལ་ཁབ་ཏུ་གྱུར་ཏེ་ལོར་ཆ་སྙོམས་ཟངས་འཛད་སྤྱོད་བྱེད་ཚད་གོ་ལ་ཧྲིལ་པོའི་50%ཡན་བཟུང་བ་དང་ཕྱི་རོལ་དུ་སྔོག་འདོན་བྱེད་ཚད་ལོ་བཅུ་བསྟུད་མར་85%ལྷག་ཙམ་ཟིན་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཐང་ཅུས་ཤིང་གིས་མཚོ་བོད་ས་མཐོའི་ཟངས་ཀྱི་ཐོན་ཁུངས་རྟེན་གཞིས་རང་རྒྱལ་གྱི་ཟངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་འགན་ལེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཟངས་གཏེར་ཐོན་ཁུངས་གསོག་ཚད་གསར་འཕར་བྱུང་བ་ནི་རང་རྒྱལ་གྱི་ཕྱོགས་བསྡུས་ཐཱན་འབུད་ཚད་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།

བོད་ལྗོངས་ཕུད་ད་དུང་ཧེ་ལུང་ཅང་དང་། ཧུའུ་པེ། ཅང་ཤིས་སོགས་ཀྱི་གཏེར་ཁ་ཆགས་ཁུལ་གལ་ཆེན་གྱི་ཟངས་གཏེར་གྱི་ཐོན་ཁུངས་ཚང་མ་འཕར་བ་དེས་རང་རྒྱལ་གྱི་ཟངས་གཏེར་མཁོ་སྤྲོད་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་གཏོང་བ་དང་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་བདེ་འཇགས་འགན་ལེན་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།

མཚོ་བོད་ས་མཐོའི་ཟངས་གཏེར། མེ་གླིང་ལྷོ་མའི་ཨན་ཏི་སིའི་འཛམ་གླིང་རིམ་པའི་ཟངས་གཏེར་ཁུལ་ལ་འགྲན་ཐུབ་པ།

“འཛམ་གླིང་ཡང་རྩེའི”མཚོ་བོད་ས་མཐོའི་ཟངས་གཏེར་ཐོན་ཁུངས་ཀྱིས་ཀྲུང་གོའི་2/3ཡན་བཟུང་ཡོད། མཚོ་མོ་ངང་ལག་དང་རྒྱལ་མོ་རྔུལ་ཆུའི་གཏེར་ཁ་ཆགས་ཁུལ་དང་། གངས་དཀར་ཏི་སིའི་གཏེར་ཁ་ཆགས་ཁུལ། གཙང་གསུམ་གྱི་གཏེར་ཁ་ཆགས་ཁུལ་བཅས་ནི་རང་རྒྱལ་གྱི་ཟངས་གཏེར་ཐོན་ཁུངས་ཀྱི་འཐབ་ཇུས་གསོག་འཇོག་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་ཐོག་གི་རི་རྒྱུད་རིང་ཤོས་ཨན་ཏི་སི་རི་རྒྱུད་ཀྱི་འཛམ་གླིང་རིམ་པའི་ཟངས་གཏེར་ཁུལ་དང་འགྲན་ཐུབ་ཀྱི་ཡོད།

དེའི་ནང་མཚོ་མོ་ངང་ལག་དང་རྒྱལ་མོ་རྔུལ་ཆུའི་གཏེར་ཁ་ཆགས་ཁུལ་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་པས། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་ཀྱི་ཡོད་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། རྡོ་ལུང་ཟངས་དང་གསེར་གྱི་གཏེར་ཁ་འདུས་ཁུལ་དང་དཀར་ཆུང་དང་དཀར་ལྷས་ཟངས་དང་གསེར་གཏེར་ནས་གཏེར་ཁ་ཚད་བརྒལ་ངང་རྙེད་པ་དེས་རྡོ་ལུང་ཟངས་གཏེར་གྱི་ཐོན་ཁུངས་འབོར་ཚད་ཏུན་ཁྲི་2000ལས་བརྒལ་ཡོད་པ་དང་རེས་སྐོར་གསར་པར་གཏེར་ཁ་རྙེད་ཚད་ཏུན་ཁྲི་657གསར་འཕར་བྱུང་ཡོད།

གངས་དཀར་ཏི་སིའི་གཏེར་ཁ་ཆགས་ཁུལ་དེ་ཉིད་དང་ཐོག་ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ་400ལྷག་ཙམ་དང་ལྷོ་བྱང་གི་ཞེང་ཚད་སྤྱི་ལེ་50ལྷག་ཙམ་ཡོད་པའི་གཏེར་ཁ་ཆགས་ཁུལ་དུ་བརྩིས་ནས་ཟངས་ཀྱི་ཐོན་ཁུངས་འབོར་ཚད་ཏུན་ཁྲི་4300ལས་བརྒལ་ཡོད་པ་རེད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེས་གངས་དཀར་ཏི་སི་ཁུལ་གྱིས་ཤར་རྒྱུད་ཁོ་ནར་འཚོལ་བཤེར་ལས་དོན་སྤེལ་བར་ཏུན་ཁྲི་སྟོང་ལས་བརྒལ་བའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཐོན་ཁུངས་རྟེན་གཞི་ཁག་གཅིག་རྙེད་ཡོད་པ་དང་ནུབ་རྒྱུད་ནས་ཀྱང་ཐོན་ཁུངས་རྙེད་རེ་ཆེན་པོ་ཡོད། མཚོ་བོད་ས་མཐོའི་གཏེར་ཁ་ཆགས་ཁུལ་ཆེན་པོ་གསུམ་ལ་རེ་སྒུག་བྱེད་རིན་ཡོད་པ་རེད།

ལྗང་མདོག་གཏེར་ལས། འཛམ་གླིང་ཡང་རྩེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ།

རྫོགས་མཐའ་མེད་པའི་གཏེར་ཁའི་ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་གལ་ཆེན་ཐུབ་ཡོད་ལ། ཁོར་ཡུག་སྲུང་སྐྱོང་ལ་འགྲན་སློང་ཡང་འཕྲད་ཡོད།

མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས་ཇི་ལྟར་བྱས་ནས་དཔལ་འབྱོར་ཁེ་ཕན་དང་ཁོར་ཡུག་སྲུང་སྐྱོང་དོ་མཉམ་གྱིས་ཐོན་ཁུངས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ནི་རྒྱུགས་གཞི་གལ་ཆེན་ཞིག་རེད།

《མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཇུས་གཞིའི》བླང་བྱ་ལྟར་རང་རྒྱལ་གྱིས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལས་དོན་ལ་དམ་འཛིན་བྱ་རྒྱུ་རེད།

རྡོ་རྗེས་མིག་སྔར་རྒྱ་མ་དང་གཡུ་ལུང་སོགས་ཀྱི་ཁུལ་གསར་སྤེལ་བྱས་རྗེས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པས་མཚོ་བོད་ས་མཐོའི་ལྗང་མདོག་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་འགོ་ཡག་པོ་འཛུགས་ཐུབ་ཡོད་ཅེས་བཤད།