《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月01日

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ། ཡུལ་དེའི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་རིག་གནས་ཀྱི་རྨང་གཞི་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད། 2024ལོ་ནས་མིག་སྔའི་བར། ཤན་རྩ་རྫོང་གིས་རིམ་རྩིས་བརྒྱབ་ན། ཡུལ་སྐོར་བ་མི་ཐེངས་ཁྲི་3.66ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་470ལྷག་ཙམ་བྱུང་ཡོད། འདི་ནི་སྐེ་རིང་མཚོའི་ངོགས་སུ་བ་ཚྭའི་རྒྱན་གོས་ངོམ་བཞིན་པ།