ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཐག་གི་ནུས་པ་གང་ལེགས་འདོན་པ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། བུད་མེད་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། བདེ་འཇགས་འཛུགས་སྐྱོང་ནང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཞུགས་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ།“ཤུགས་སྣོན་གསུམ”ལ་བརྟེན་ནས་དུས་བདེ་འཛུགས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་གཅིག་སྡུད་ཀྱིས་བུད་མེད་དང་། བྱིས་པ། ཁྱིམ་ཚང་བཅས་ཀྱིས་ཤེས་ཚོར་ཐུབ་པ་དང་ཕན་འབྲས་དངོས་ཐོན་པའི་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་པ་བཅས་བྱས་ནས། དེ་བས་ནུས་ལྡན་གྱི་འགན་ལེན་དང་དེ་བས་དྲོ་སྐྱིད་ལྡན་པའི་རོགས་སྐྱོར་བྱས་ཏེ་བུད་མེད་དང་བྱིས་པ་ཚོར་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་བ་ཡོང་བར་བྱས་པ་རེད།
ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལས་སྒོའི་ཤེས་བྱ་གསོ་སྦྱོང་བྱས་པ་བརྒྱུད། ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅའ་ཁྲིམས་སློབ་སྦྱོང་གཏིང་ཟབ་བྱས་ཡོད། ཁོངས་མིའི་ཚན་པ་38དང་། རྫོང(ཆུས་དང་གྲོང་ཁྱེར)12ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་ལས་ཁང་དང་དེ་བཞིན་ལྷ་ས་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ས་ཁུལ་དང་གྲོང་ཁྱེར་5ཡི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་སློབ་གཉེར་བ་60ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད། ཟངས་རི་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“སྣེ་ཁྲིད་པའི”གསོ་སྦྱོང་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་50སྒྲིག་འཛུགས་བྱས་ཏེ། ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅའ་ཁྲིམས་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།
གྲོང་ཁྱེར་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས“བུད་མེད་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱ་སྤྱོད་གྲོང་གསེབ་ཏུ་སྤེལ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན། ཁྲིམས་སྐྱོང་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཐེངས་170ལྷག་ཙམ་སྤེལ་བ་དང་། མང་ཚོགས་མི་ཐེངས་ཁྲི་1.844ལ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅའ་ཁྲིམས་དང་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་པོ་ཁྲི་2.57ལྷག་ཙམ་སྤྲད་པ་དང་། རྒྱ་ཆེའི་བུད་མེད་ཚོར་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་རྒྱུན་ཆད་མེད་པར་བྱས་ཏེ། སྤྱི་ཚོགས་ཡོངས་སུ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད།
(བསྟན་བློ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)