2021ལོར་ཁྲོམ་གཞུང་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གྲོང་ཁྱེར་གྱི་མི་རིགས་ལས་དོན་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་།
2023ལོར་ཁྲོམ་གཞུང་ལ་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་རིགས་མང་བའི་ཞི་མཐུན་ཁྲོམ་གཞུང་གི་གཟི་བརྗིད་མཚན་སྙན་ཐོབ་པ།
2023ལོར་ཆུ་འགྲམ་སྡེ་ཁུལ་ལ་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་རིགས་མང་བའི་ཞི་མཐུན་སྡེ་ཁུལ་གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཟབ་མོ་བཏོད་ཡོད།
“ང་ཚོའི་ཁོངས་གཏོགས་ཁུལ་དུ་རྒྱུན་སྡོད་མི་འབོར་ཁྲི་4.6ལྷག་ཙམ་ཡོད་པའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས། མེའོ་རིགས། ཏུའུ་ལུང་རིགས་སོགས་མི་རིགས་27གྱི་གྲོང་མི་འཚོ་སྡོད་བྱེད་ཀྱི་ཡོད། མི་རིགས་མི་འདྲ་བའི་གཉེན་སྒྲིག་ཁྱིམ་ཚང་52ཡོད”ཅེས་ཇོ་མོ་ཁྲོམ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་ལི་མའོ་ལིན་གྱིས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། ཇོ་མོ་ཁྲོམ་གཞུང་གིས་ཏང་གི་འགོ་ཁྲིད་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་གཞིར་བཟུང“ཁ་བྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་རང་རྟོགས་ངང་ལག་ལེན་བསྟར་བ་དང་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བསྟར་ཏེ་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ལས་དོན་ཁག་ཏན་ཏིག་སྤེལ་བ། སྡེ་ཁུལ་དུ“གསར་བརྗེའི་གྲོགས་ཚོགས”འཛུགས་པ། ལས་ཁུངས་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས་དང་ཞབས་ཞུ་གཉིས”དོན་འཁྱོལ་ཧུར་ཐག་བྱེད་པ། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་མི་རིགས་ལས་དོན་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱས་པས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། སྡེ་ཚན་གྱིས་མཐུན་སྦྱོར་སྣེ་ཁྲིད། སྤྱི་ཚོགས་ཡོངས་ཐུན་མོང་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཆགས་ཡོད།
“ངའི་ཁྱིམ་བལ་འཐག་བཟོ་གྲྭའི་འཁལ་འཐག་ཁྲོམ་གཞུང་གསར་པར་ཡོད། ཧྥུའུ་ཆིང་ལམ་གྱི་ཐང་ཆེན་ཆུང་ངུའི་གསར་བརྗེའི་ས་ཚིགས་དང་ཐག་ཉེ་པོ་ཡོད། ས་ཚིགས་དེ་གཉེར་སྐྱོང་བྱས་རྗེས་ཉེ་འགྲམ་གྱི་ཡུལ་མི་ཚོས་དེ་གར་སྲིད་ཇུས་བློ་འདྲི་དང་དཔྱད་ཡིག་པར་རྒྱག་པ་སོགས་བྱེད་པར་སྐྱོད་ཀྱི་ཡོད། ཚང་མས་རྒྱུན་དུ་དེ་གར་ངལ་གསོ་རྒྱག་སྐབས་མི་སྣ་ཚོགས་འཕྲད་ཀྱི་ཡོད་པས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་དང་སྤེལ་རེས་བྱས་པ་བརྒྱུད་ཕན་ཚུན་དབར་གྱི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད”ཅེས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱི་གྲོང་མི་པད་མ་གཡུ་སྒྲོན་གྱིས་གསར་འགོད་པར་བཤད།
མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གཏིང་ཟབ་ཏུ་གཏོང་ཆེད། ཇོ་མོ་ཁྲོམ་གཞུང་གིས“གསར་བརྗེའི་ས་ཚིགས”དང་། གྲོང་ཁྱེར་གྱི“སྐར་མ་བཅུའི”ཞབས་ཞུའི་ཚོགས་པ། “བསམ་འདུན་ཆུང་ངུའི་གྱང”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ཞིབ་ཚགས་ཅན་རྒྱུན་མཐུད་སྐུལ་འདེད་བཏང་བས“ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་འགན་འཁྲི་ཁུར་བ། ཚང་མས་ལོངས་སྤྱོད་ཐུབ་པ”བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་ནས་མི་རིགས་ཁག་གི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད། དང་བླངས་ཞབས་ཞུ་རུ་ཁག་ཁག་13སྒྲིག་འཛུགས་བྱས་ཏེ་རྒྱུན་རྣམ་ཅན་དང་སྣ་མང་ཅན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་གྱི་གྲོང་མིའི“བདག་པོའི”འདུ་ཤེས་རྒྱུན་མཐུད་སྐྱེད་སྲིང་དང་། ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་སྣའི་གཞི་རྩའི་གནས་ཚུལ་མཐིལ་རྟོགས། མ་མཐའི་འཚོ་བ་འགན་ལེན། མཐའ་ལུས་དུད་ཚང་དང་དབང་པོ་སྐྱོན་ཅན་སོགས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།
(བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)