《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月31日

རྟ་རྩལ་འགྲན་ནས་རྟ་པའི་ཉམས་བཟང་མངོན།

པར་①ནི་རྟ་པས་བྱ་དགའ་ལེན་བཞིན་པ།

པར་②ནི་རྟ་མཆོག་ངོམ་བཞིན་པ།

པར་③ནི་རྟ་པ་འགྲན་བསྡུར་ལ་ཞུགས་བཞིན་པ།

ཉེ་ཆར་སྨན་གླིང་གྲོང་ཁྱེར་ཨོ་རོང་གྲོང་རྡལ་གྱི་དམངས་ཁྲོད་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་སྐབས་གཉིས་པ་ཐང་འབུམ་པ་གྲོང་ཚོར་སྤེལ་བ་དང་། རྟ་པ་60ལྷག་ཙམ་གྱིས་རྟ་མཆོག་བཞོན་ནས་འགྲན་བསྡུར་ལ་ཞུགས་པ་རེད། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཅིང་། ས་ཁུལ་མི་འདྲ་བའི་རྟ་པས་རང་སོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཆས་གོས་གྱོན་ནས་རྫིག་ཉམས་དོད་པོས་རྟ་ལ་བཞོན་ཏེ་འགྲན་བསྡུར་གྱི་གྲ་སྒྲིག་བྱེད་བཞིན་ཡོད། ལྟད་མོ་བ་ཚོའི་དགའ་འབོད་ཀྱི་སྒྲ་དང་བསྟུན་ནས་འགྲན་རར་འགྲན་བསྡུར་གྱི་ཚ་རླབས་གསར་པ་འཕྱུར་བ་རེད།