《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月30日

ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་ཁོར་ཡུག་གཙང་སྦྲ་བར་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་ཁོར་ཡུག་གཙང་སྦྲ་བར་གཟིགས་པ་དང་འཚམས་འདྲི་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་འཐབ་ཕྱོགས་ཁག་གི་རྒྱ་ཆེའི་ལས་བྱེད་ལས་བཟོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་ལས་སྒྲུབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།

པེ་ཅིང་དཀྱིལ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་སྡོད་བྱའི་ལས་གྲབས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་རེ་རེ་བཞིན་ལ་ཕྱག་བཏང་ནས་དུས་ཆེན་རིང་གི་སྡོད་བྱའི་བཀོད་སྒྲིག་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རྒྱ་ཆེའི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་གཞི་རིམ་དུ་གཞི་ཚུགས་པ་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས། ཝང་ཅུན་ཀྲེང་གིས། དུས་ཆེན་གྱི་སྐབས་སུ་སྡོད་བྱར་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བཀོད་གཏོང་དང་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། ཉེན་རྟོག་པ་མགྱོགས་མྱུར་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཡང་འབད་བསྐྱར་འབད་དང་ལས་ཀ་ཧུར་ཐག་བྱས་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རྒྱ་ཆེའི་སྡོད་བྱའི་ལས་གྲབས་མི་སྣས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་གི་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། གཙོ་གནད་གནས་ཡུལ་དང་མི་སྣ་འདུ་འཛི་ཆེ་སར་བདེ་འཇགས་དོགས་ཟོན་ཡག་པོ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་སྒྲིག་ལམ་ཡག་པོ་དང་སྤྱི་ཚོགས་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁོར་ཡུག་གཙང་སྦྲ་བ་ནི་གྲོང་ཁྱེར་འཁོར་སྐྱོད་འགན་ལེན་བྱེད་མཁན་གལ་ཆེན་ཞིག་ཡིན་ལ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་གལ་ཆེན་ཞིག་ཀྱང་རེད། “ལས་ཀར་ཞུགས་ནས་ལོ་ག་ཚོད་ཕྱིན་སོང་ངམ”དང“ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་གང་འདྲ་བྱུང་སོང་ངམ”ཞེས་ཝང་ཅུན་ཀྲེང་གླིང་སྐོར་ཤར་ལམ་བྱང་རྒྱུད་དུ་ཕེབས་ནས་ཁོར་ཡུག་གཙང་སྦྲ་བར་གཟིགས་ནས་འཚམས་འདྲི་གནང་བ་མ་ཟད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཟླ་1ཚེས་9ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་གསུང་བཤད་གལ་ཆེན་གནང་བར་བརྟེན་ང་ཚོས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བཀོད་སྒྲིག འཕྲལ་མར་བྱ་སྤྱོད་སྤེལ་བ་བཅས་བྱས་པ་མ་ཟད། ཏང་སྲིད་དམག་ཉེན་དམངས་བཅས་སེམས་ཤུགས་གཅིག་སྒྲིལ་དང་ཀྲུང་དབྱང་པུའུ་ཨུད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཡོམ་འགོག་གེགས་སེལ་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བར་སྐུལ་མ་ཐེབས་ཏེ་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་དཔེ་མཚོན་བཏོད་ཡོད། མིག་སྔར། ཡོམ་འགོག་གེགས་སེལ་གྱི་ལས་དོན་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་བྱེད་བཞིན་ཡོད་པར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོའང་ཡིན། རྒྱ་ཆེའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་བོད་ཀྱི་ལས་དོན་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་དང་། ཆབ་སྲིད་ཀྱི་ལེགས་ཆ་དང་ཉམས་མྱོང་གི་ལེགས་ཆ་མུ་མཐུད་འདོན་པ། “བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་འདོན་པ་བཅས་བྱས་ཏེ་བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་ལས་དོན་ཁག་མཉམ་དུ་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཡོང་ཆེད་འབད་བརྩོན་གནང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་འདས་ཟིན་པའི་ལོ་གཅིག་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་ཐོབ་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་མ་ཟད། དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཐོབ་པའི་དགེ་མཚན་ལྡན་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་སྟེ། “ང་ཚོས་ཉིན་ལྟར་ཚགས་པར་དང་བརྙན་འཕྲིན་ནས་བོད་ཀྱི་འཕོ་འགྱུར་གསར་པ་དང་། གྲུབ་འབྲས་གསར་པ། དེ་བཞིན་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ལས་དོན་གྱི་གནས་ཚུལ་བཅས་ཤེས་རྟོགས་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་ཤུགས་ཆེན་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་ཐོག་དང་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་རོགས་སྐྱོབ་ཀྱི་བཀོད་སྒྲིག་ལས་དོན་སྤེལ་ཡོད། དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞིག་རེད་ཅེས་བརྗོད་ཆོག”ཅེས་གསུངས་ཤིང་། ཚང་མས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཀུང་ཧུའེ་ཚའེ། རྒྱལ་མཚན། བསྟན་པ། མོང་ཞའོ་ལིན་བཅས་ཞུགས་ཡོད་པ་རེད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)