《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月30日

འདི་ལོ་རང་ལྗོངས་ཀྱི“ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར”གྱི་དངོས་ཟོག་ཁག་དང་པོ་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་འགག་སྒོ་ནས་ཕྱིར་གཏོང་གི་འགག་སྒོ་སྒྱུར་བའི་ལས་སྒོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། འདི་ལོ་རང་ལྗོངས་ཀྱི“ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར”གྱི་དངོས་ཟོག་ཁག་དང་པོ་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་འགག་སྒོ་ནས་ཕྱིར་གཏོང་གི་འགག་སྒོ་སྒྱུར་བའི་ལས་སྒོ་གཉེར་ཞིང་། ཕྱིར་གཏོང་དངོས་ཟོག་དེ་དག་རིན་ཐང་སྒོར་ཁྲི་55.69ཟིན་པའི་བརྒྱ་ཟོག་ཡིན་པ་རེད།

ད་ཐེངས་ཀྱི་དངོས་ཟོག་དག་ཧང་ཀྲོའུ་ལྕགས་ལམ་གྲུ་ཁ་ནས་དབོར་འགོ་ཚུགས་ཏེ་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་འགག་སྒོར་འགག་སྒོའི་ལས་དོན་པས་ལྟ་འདོམས་ནན་པོ་བྱས་པ་བརྒྱུད། འགག་སྒོ་སྒྱུར་བའི་རེ་ཞུ་དང་འགག་སྒོའི་དངོས་ཟོག་དབོར་ཡུལ་དུ་ཤར་གཏོང་གི་ཕྱིར་གཏོང་དངོས་ཟོག་འགག་སྒོ་སྒྲོལ་བའི་བྱེད་སྟངས་ལ་བརྟེན་ནས་རྒྱལ་སྤྱིའི་སྐམ་སའི་འགག་སྒོའི་ཕྱིར་གཏོང་ལྟ་བཤེར་དོས་ཁང་དུ་འགག་སྒོ་སྒྱུར་བའི་ལྟ་འདོམས་ལས་སྒོའི་འགྲོ་ལུགས་གཉེར་རྗེས་འགྲམ་འགག་སྒོ་ནས་ཕྱིར་གཏོང་བྱས་ཡོད།