《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月29日

གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དྲེལ་ནག་གྲོང་ཚོའི་དང་བླངས་ཞབས་ཞུའི་རུ་ཁག་གིས།

དུད་ཚང་དུ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཞིང་འབྲོག་མང་ཚོགས་ཀྱིས་ཞིང་ཕན་སྲིད་ཇུས་ཤེས་རྟོགས་བྱེད་ཚད་སྔར་བས་མཐོ་རུ་བཏང་ནས་ཏང་གི་སྲིད་ཇུས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། ཉེ་ཆར། གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་དྲེལ་ནག་གྲོང་ཚོས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་གྱི་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་དུད་ཚང་དུ《ཞིང་འབྲོག་པས་ནོར་སྲིད་ཀྱི་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གསལ་རྟོགས་གཱ》སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།

བྱེད་སྒོ་སྤེལ་རིང་། དང་བླངས་ཞབས་ཞུའི་རུ་ཁག་སྔ་རྗེས་སུ་འཕགས་སྡིང་དང་། དྲེལ་ནག ཤར་ཆུང་བཅས་རང་བྱུང་གྲོང་ཚོ་གསུམ་གྱི་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་དོགས་གནད་སེལ་བ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གོ་བདེ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་གྱོད་དཔེ་དྲངས་ནས་ཞིང་འབྲོག་པར་གསལ་རྟོགས་གཱ་སྟེང་གི་སྲིད་ཇུས་ཁག་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ་ཞིང་ལས་ཀྱི་ཁ་གསབ་དང་། གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་། སློབ་གསོའི་རོགས་སྐྱོར་མ་དངུལ། རོགས་སྐྱོབ་སྲིད་ཇུས་སོགས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་མི་སེར་དཀྱུས་མའི་ཁྱིམ་དུ་སྒྲོག་འགྲེལ་བྱས་པ་རེད། (པ་ཚེས་བསྒྱུར། པ་ཚེ་དང་པད་ཆོས་ཀྱིས་ཞུས)