《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月27日

དཔྱིད་གསར་གླིང་ཁའི་སྤྲོ་ཚོགས་གཉེར། དམངས་སྲོལ་བྱེད་སྒོར་སྤྲོ་སྣང་ཆེ།

འདི་ནི་ཡིག་གཟུགས་དགའ་ཞེན་པས་གྲོང་མིར་ཆ་ཡིག་འབྲི་བཞིན་པ།

འདི་ནི་གྲོགས་པོ་ཆུང་ཆུང་ཚོས་སྦྲུལ་གཟུགས་གྱོན་ཆས་གྱོན་པའི་ལས་དོན་པ་དང་མཉམ་པར་རྒྱག་བཞིན་པ།

ཟླ་1ཚེས་23ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ལོ་གསར་གྱི་གླིང་ཁའི་སྤྲོ་ཚོགས་གཉེར་ཞིང་། གླིང་ཁའི་སྤྲོ་ཚོགས་དེ་དཔྱིད་གསར་སྤྲོ་གསེང་གི་དགའ་ནེའུ་དུས་ཆེན་དང་། སྤྲོ་སྣང་རོལ་རྩེད། ཞིམ་ཟས་ལ་རོལ་བ་བཅས་བརྗོད་དོན་གཙོ་བོའི་ཁུལ་གསུམ་ལ་དབྱེ་བ་དང་། ཁུལ་ཚང་མར་མི་ཚོགས་ཀྱིས་ཁེངས་ཤིང་། མི་རྣམས་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས།