གངས་རི་ཡི་འདབས་རོལ་ན། ད་དུང་སྡུག་བསྔལ་མི་ཤེས་པའི་བྱིས་པ་ཁྱུ་ཞིག་ཡོད། གངས་རི་ཡི་འདབས་རོལ་ན། ད་དུང་འཆི་བ་མི་ཤེས་པའི་བྱིས་པའི་ཚོགས་ཤིག་ཡོད། ཐལ་རྡུལ་གྱིས་ཁེངས་པའི་བྱིས་པའི་ངོ་གདོང་ལས། ལྷད་མེད་ཀྱི་འཛུམ་ཆུང་དགོད་དུས། འཇམ་མཉེན་ཡིད་ཀྱི་པད་མའི་ལོ་འདབ་ལས། མིག་ཆུའི་ཟིལ་ཕྲེང་མཁུར་ཚོས་བརྒྱུད་ནས་བབས།
ངའི་ངུ་འབོད་དང་སྐྱོ་གདུང་གིས་ཅི་བྱ། མཐོ་སྒང་གི་བྱིས་པ། ཨ་མས་གནང་བའི་འཛུམ་ཆུང་དེ་དགོད་ནས་ཤོག ཨ་ཕས་གནང་བའི་སྙིང་སྟོབས་དེ་ཁྱེར་ནས་ཤོག ང་ཚོ་མཉམ་དུ་འཇའ་ཚོན་བཀྲ་བའི་དཔྱིད་དཔལ་གསར་པར་ལྟ་བར་འགྲོ།