《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月26日

ས་ཡོམ་དང་འབྲེལ་བའི་སེམས་འགྱུ་ཐན་ཐུན།

—— ས་ཡོམ་རྗེས་ཀྱི་དིང་རི་དང་ལྷ་རྩེའི་སྤུན་ཟླར་ཕུལ།

བསོད་ནམས།

སྐྱོ་གདུང་གི་སྨྲེ་སྔགས།

ཞོགས་པའི་གསེར་མདངས་བཀྲ་བའི་ཉི་འོད་ཀྱང་། །

མོག་པོར་བསྒྱུར་བའི་ས་གཡོའི་ཐལ་རྡུལ་གྱིས། །

དིང་རིའི་ཡུལ་གྲུ་བསྣུབས་ཉེའི་ལྟས་ངན་དེ། །

མངོན་ཤེས་དབེན་པའི་བདག་ཅག་ཅིས་མི་སྐྱོ། །

ཁྱད་ཆོས་ལྡན་པའི་ཁྱིམ་གཞིས་གྲོང་གི་སྡེ། །

དྲག་ཤུལ་ས་གཡོས་ལན་འགའ་སྐྱོམ་པ་ཡི། །

བྱ་ཚང་བྱེའུ་ཚང་འཐོར་བ་ཇི་བཞིན་དེས། །

ཀུན་གྱི་མིག་ཟུང་ཡིད་གདུང་མཆི་མས་བཀང་། །

ཁང་པ་བརྡིབས་ཏེ་ས་རྡོའི་ཕུང་པོར་གྱུར། །

རིན་བྲལ་ཚེ་སྲོག་སྐད་ཅིག་ཉིད་ལ་ཤོར། །

ཚེ་གང་བསགས་པའི་ནོར་རྫས་ཇི་སྙེད་ཅིག །

ཕྱེ་མར་བདལ་ཏེ་ཟོག་རོའི་ཕུང་པོར་གྱུར། །

ས་རྡོས་གནོན་པའི་མི་ཡི་ཚེ་སྲོག་ཉིད། །

འགའ་རེ་གྲོངས་ཤིང་འགའ་རེ་འཆི་མ་གསོན། །

དབུགས་རྒྱུ་ཆད་ལ་ཉེ་བའི་གདུང་བ་དེ། །

རྣ་བས་ཐོས་པ་ཙམ་གྱིས་སྙིང་ཁ་གཙེས། །

ས་གཡོའི་དབང་ཤེད་བཙན་པོས་སྐར་ཆ་འགར། །

བཟའ་ཚོ་མ་བུ་ཁ་འཕྲལ་ཡ་ང་བའི། །

བརྙན་ལམ་རེ་རེ་མིག་ངོར་འཆར་བ་ཡིས། །

ཀུན་གྱི་སེམས་པ་གདུང་བས་བཟོད་བསྲན་དཀའ། །

མནོ་བསམ་ཅི་ཡང་དབེན་པའི་གནག་ཕྱུགས་དག །

གཟན་རྩྭ་ཁ་ཡིས་ཟ་བའི་ལས་རྫོགས་སམ། །

ས་རྡོའི་ཁུར་གྱིས་མནན་ཏེ་དབུགས་ཆད་པའི། །

བེམ་པོའི་གཟུགས་སུ་གྱུར་པ་ཅིས་མི་སྐྱོ། །

རང་ཁ་རང་གསོ་གཡང་དཀར་མ་མོའི་ཁྱུ། །

བལ་འཇམ་སྐྱེས

་སུ་འབུལ་བའི་དྲིན་ཆེན་ཚོགས། །

ཉི་གཞོན་འཆར་ཁར་ས་ཡོམ་འཇིགས་པ་ཡིས། །

ལུག་ར་ཕུང་པོས་བཀང་དེ་ཅིས་མི་སྐྱོ། །

མིག་ཟུང་གར་བལྟས་ཁང་ཁྱིམ་ཞིག་རོ་མངོན། །

རྣ་བ་གར་གཏད་སྨྲེ་སྔགས་འཆོར་བའི་སྒྲ། །

ཡིད་ལ་སྤུན་ཟླར་བརྩེ་བའི་དུང་སེམས་འཆར། །

ལྷག་བསམ་སྙིང་རྗེའི་སྤུ་ལོང་མི་གཡོ་སུ། །

བཟློག་པར་དཀའ་བའི་རང་བྱུང་གནོད་འཚེ་ཡིས། །

གནས་སྐབས་འཚོ་བའི་ལུས་སྲོག་རིན་པོ་ཆེ། །

བཙན་གྱིས་ཕྲོགས་པའི་སྙིང་ཉེ་སྤུན་ཟླ་ཚོ། །

བདེ་བར་གཤེགས་ཤིག་འདས་མཆོད་སྨོན་ལམ་ཞུ། །

མྱུར་སྐྱོབ་ཀྱི་ངར་ཤུགས།

ས་གཡོའི་འཇིགས་པ་འཕྲད་པའི་མི་སྙན་གཏམ། །

སྐད་ཅི

ག་ཉིད་དུ་ཕྱོགས་བཞིར་ཁྱབ་པའི་ཚེ། །

སྤྱི་ཁྱབ་ཧྲུའུ་ཅིའི་

ཐབས་མཁས་མཛད་བཟང་ལས། །

མྱུར་སྐྱོབ་བཀའ་སློབ་ཀྲུང་ཧྭའི་ཁྱོན་ལ་བསྒྲགས། །

མྱ་ངམ་ཐང་དང་སྐྱ་བོའི་རི་འདབས་སུ། །

གེགས་བར་རླུང་བུ་དྲག་ཏུ་འཚུབ་གྱུར་ཀྱང་། །

སྐར་ལྔའི་དར་དམར་རང་མདངས་བཀྲ་བའི་འོག །

གེགས་སེལ་གུང་ཁྲན་ཏང་མིའི་གདོང་མཆོང་བརྗིད། །

ལེ་དབར་ཁྲི་ཚོ་བརྒྱ་སྟོང་ཆོད་པ་ཡི། །

རྒྱལ་ཡོངས་མི་དམངས་སྒེར་སེམས་བྲལ་དང་ལྷན། །

བདེ་སྡུག་མཉ

མ་དུ་མྱོང་བའི་བྱ་སྤྱོད་ཀྱིས། །

གེགས་སེལ་ལེ

གས་སྐྱེས་ཕུལ་མཁན་བགྲང་ལས་འདས། །

བཀྲེས་སྐོམ་གྲང་འཁྱག་ཅིས་ཀྱང་ཞུམ་དཀའ་བ

འི། །

ཉེན་རྟོག་དཔོན་དམག་ལས་རིགས་སྣ་ཚོགས་པ། །

དཔུང་ཆེན་གཅིག་མཇུག་གཉིས་མཐུད་ཡོམ་ཁུལ་གྱི། །

མི་ཁྲི་སེ

མས་གཅིག་སྟོབས་ཤུགས་འགྲན་ཟླ་བྲལ། །

ས་རྡོས་ཡོངས་སུ་མནན་པའི་ཉམ་ཐག་ཚོ། །

དྲོན་མོའི

་པང་དུ་བཏབ་སྟེ་སྐྱོབ་བཅོས་ཀྱི། །

མི་ཡུལ་བརྩེ་སེམས་ཟབ་མོ་འདི་ལྟ་བུ། །

ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་བླ་ན་འཕགས། །

མེས་

རྒྱལ་སྐྱེད་མའི་བུ་ཕྲུག་ང་དྲུག་ཚོགས། །

གཅིག་སེམས་གཅིག་སྦྲེལ་སྤུན་ཟླའི་འདུ་ཤེས་ཉིད། །

གང་མ

ཁོ་ཅི་ཡོད་འཇུངས་པ་བྲལ་བ་ཡི། །

གནོད་འཚེའི་ཁུལ་དུ་འདྲེན་པས་མི་སེམས་འགུལ། །

རྒྱ་བོད་ཧུད་རིགས་ཤིན་ཅང་ལ་སོགས་ཀྱིས། །

ལག་གད

ང་དཔུང་སྦྲེལ་ཕྱི་གོས་ནང་ཟས་ཐད། །

མཁོ་དགུ

་མ་ལུས་སྦྱིན་པའི་ལས་བཟང་དག །

སྤུན་ཟླ་བརྩེ་སེམས་ཟབ་མོའི་མཚོན་བྱེད་དངོས། །

རྒྱབ

་རྟེན་ས་འཛིན་ཇི་བཞིན་བརླིང་བ་ཡི། །

སྟོབ

ས་ལྡན་ཀྲུང་གོ་ནམ་ཡང་མི་འགྱུར་ཕྱིར། །

འབྱུང་བཞིའི་གནོད་འཚེ་བགེགས་བར་ཅི་འཕྲད་རུང་། །

འཇིགས་དངངས་མི་དགོས་ཀུན་སེམས་ལྷོད་ལ་བབས། །

ས་གཡོས་རི་སྒུལ་མཚོ་སྐྱོམ་ཇི་ལྟར་ཡང་། །

གཉ

འ་རུས་མི་ཆག་གདོང་མཆོང་དཔུང་ལེན་གྱི། །

མི་སེ

མས་དབང་མེད་འགུལ་བའི་འཐབ་རྩལ་དེས། །

ཀྲུང་གོའི་སྟོབས་ཤུགས་མྱུར་ཚད་དཔང་པོ་བྱེད། །

མེ་ཟོན་ཉེན་རྟོག་

བཅིངས་འགྲོལ་དཔུང་སྡེ་དང་། །

གོས་ད

ཀར་ལྷ་རྗེ་ལས་རིགས་གྲངས་མང་གིས། །

སྲོག་བ

སྡོས་སྒོ་ནས་མྱུར་སྐྱོབ་དཔུང་སྒྲིལ་དེ། །

བྱས་རྗེས་རྡོ་རི

ང་བཞེངས་པའི་རྩོལ་ཤུགས་དངོས། །

མ་འོངས་པའི་དཔྱིད་དཔལ།

འཇིག་རྟེན་བདེ་སྡུག་ཁོད་སྙོམས་མ་ཡིན་གྱི། །

གྲང་གསུམ་དྲོ་གསུམ་སྐྱིད་སྡུག་རེས་འཁོར་ཉིད། །

ལྡོག་མེད་འཁོར་བའི་ཆོས་ཉིད་ཡིན་གྱུར་ན། །

གེགས་ཁུལ་དམངས་རྣམས་ཡིད་སེམས་མ་སྐྱོ་རོགས། །

སྟོབས་ལྡན་ཀྲུང་ཧྭ་རྒྱལ་ཁབ་ཆེན་པོ་འདི། །

མི་རྒྱུ་གཉིས་ཕོངས་གཏན་ནས་མ་ཡིན་ཕྱིར། །

ཁྱིམ་གཞིས་བསྐྱར་སྐྲུན་ཐོན་སྐྱེད་སླར་གསོ་བའི། །

མཁས་མཛངས་འཐབ་ཇུས་མྱུར་དུ་འགོད་པར་བྲེལ། །

ཏང་དར་རྒྱལ་དར་དམག་དར་དིང་རིར་གཡོ། །

གོང་འོག་སེམས་པ་རྡོག་རྩ་གཅིག་ཏུ་བསྒྲིལ། །

རྡུལ་འཚུབ་ཀློང་གི་ཞིག་རོའི་ཁང་ཤུལ་དུ། །

འཆར་འགོད་གསར་པའི་པིར་རིས་འགོད་བཞིན་མཆིས། །

ལོ་ཟླ་གསར་པའི་དུས་བཞིའི་ཐོག་མའི་དུས། །

ཁམ་བུའི་མེ་ཏོག་ས་མཐོར་ཤར་དང་ལྷན། །

ཚ་ཚ་འུར་འུར་ཁྱིམ་གཞིས་བསྐྱར་སྐྲུན་གྱི། །

ཐོག་མའི་གོམ་སྟབས་སྤོ་བར་ཐེ་ཚོམ་མེད། །

སྒྲིག་བཀོད་ཚགས་ཚུད་གོ་ཆོད་སྲ་བརྟན་གྱི། །

ཨར་འདམ་ལྕགས་རྩིབས་ལས་གྲུབ་ཁྱིམ་ཚང་སྟེ། །

ཚར་དུ་དངར་བས་དིང་རིར་ཆེས་གསར་པའི། །

གྲོང་གསེབ་མཛེས་ལྗོངས་ཡིད་དུ་འོང་བར་ངེས། །

ས་ཆེན་གློ་བུར་འཁྱོམས་པའི་བརྡབ་གསིག་དེ། །

ཀྲུང་གོའི་སྟོབས་ཤུགས་ནུས་པར་ཚད་འཇལ་ཡིན། །

ནམ་ཡོང་ངེས་མེད་བར་ཆད་སྣ་ཚོགས་ལ། །

ཁ་གཏད་གཅོག་པའི་འགན་ནུས་སྲིད་འདིར་རྒྱལ། །

ཨ་ཧོ་ཏང་དང་མི་དམངས་སྲིད་གཞུང་གི །

འཕྱུགས་མེད་འཐབ་ཇུས་ཡང་དག་བཀོད་སྒྲིག་དང་། །

རྒྱལ་ཡོངས་དམག་དམངས་མཐུན་སྒྲིལ་ངར་ཤུགས་ཀྱི། །

གེགས་སེལ་རྒྱལ་ཁའི་གཏམ་བཟང་གང་སར་ཁྱབ། །

དིང་རིའི་པི་ཝང་དབྱངས་དང་འགྲོགས་པ་ཡི། །

ལྷོ་གཞས་གནའ་བོའི་ཉམས་དང་ལྡན་པ་སྟེ། །

ལྷ་རྩེའི་སྒྲ་སྙན་སྟོད་གཞས་སྙན་གྲགས

་ཆེ། །

ཁྱིམ་གསར་རྟེན་འབྲེལ་མཛད་སྒོར་ཞུགས་པར་ངེས། །