《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月24日

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་2024ལོའི་ཚོང་འགུགས་མ་འདྲེན་དུས་མཚུངས་ལས་193.36%འཕར་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོར། གསེར་རྙེད་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་87.54ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་6.01%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་27.18ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་121.87%འཕར་བ། ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་18.28ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་193.36%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་24.84%འཕར་ཡོད། དཔལ་འབྱོར་དམིགས་ཚད་མགྱོགས་མྱུར་འཕར་བ་ནས་སྤྱི་ཚོགས་ཀྱི་དམངས་འཚོ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བའི་བར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་གོམ་སྟབས་བརྟན་པོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2025ལོ་འཆར་ཚུན། གསེར་རྙེད་ཆུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་པ། གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་རེད། མང་ཚོགས་ཀྱི་དགོས་མཁོར་དམིགས་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ལས་ཞུགས་ཐབས་ལམ་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གོམ་སྟབས་དེ་བས་བརྟན་པོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་གྱི“གནས་མཆོག”གི་ཕྱོགས་སུ་མདུན་སྐྱོད་བྱེད་རྒྱུ་རེད།

(བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)