《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月23日

“གཤམ་སྐྱེལ་དྲུག་གིས་དགུན་ཁར་དྲོ་སྐྱིད་སྦྱིན་ནས”ཤེས་དཔལ་གྱི་སྲོལ་གསར་ཐུན་མོང་ཐོག་བཏོད་པ།

ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚུགས་ཀྱིས“གཤམ་སྐྱེལ་དྲུག་གིས་དགུན་ཁར་དྲོ་སྐྱིད་སྦྱིན་པ”དང“མཐའ་མཚམས་སུ་རྒྱལ་དར་ལྷབ་ལྷུབ་གཡོ་བའི”རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གྲོ་མོ་རྫོང་དུ་སྤེལ་བ་རེད།

སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། རིག་རྩལ། དཔེ་དེབ། བདེ་ཐང་། ཞབས་ཞུ་བཅས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་སྟོབས་ཤུགས་ལས་མི་སེམས་དྲོ་བར་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་བསྐངས་ཡོད།

འདི་ནི་རིག་རྩལ་ལས་དོན་པས་མང་ཚོགས་ལ་བཀྲ་ཤིས་སྨོན་ཚིག་གི་ཡི་གེ་འབྲི་བཞིན་པ།

འདི་ནི་ལས་དོན་པས་མང་ཚོགས་ལ་སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་མང་ཚོགས་ཀྱིས་གནམ་བདེ་སྒོ་མོའི་ཐང་ཆེན་ནས་འབྱོར་བའི་རྒྱལ་དར་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།