《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月23日

སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཧུར་ཐག་གཏོད་ཀྱི་ཡིན།

“དོན་དག་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པའི”གཙོ་གནད་དོན་དག་13ཚང་མ་དོན་འཁྱོལ་བྱུང་ནས་སྲིད་དོན་ཞབས་ཞུའི་ལས་དོན་དྲ་ཐོག་ནས་སྒྲུབ་ཐུབ་ཚད་100%ཟིན་པ་དང་། ལོ་འཁོར་མོར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་674ཟིན་ལ་བོད་སྐྱོར་གྱི“གཉིས་འགུགས་གཉིས་འདྲེན”གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་ལེགས་གྲུབ་བྱུང་བ།དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་དམངས་ཁྲོད་ཀྱི་མ་འཇོག་52.9%འཕར་བ། སྒྲིག་གཞི་སྒྱུར་བཅོས་ལ་བརྟེན་ནས་འགན་ནུས་ལེགས་གཏོང་དང་ལས་ཕྱོད་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ་སོགས། 2024ལོར་རང་ལྗོངས་ཀྱིས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་བས། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་གནས་རྒྱུད་ཁྱོན་གསུམ་མཉམ་དུ་ཤུགས་འདོན་དང་གྲངས་སྤུས་ཕན་གསུམ་མཉམ་དུ་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་ལ་སྐུལ་འདེད་བཏང་བ་དང་། ས་ཞིང་གི“དབང་གསུམ་ལོགས་འཛུགས”དང་ཞིང་འབྲོག་ལས་ཀྱི“འགྱུར་བ་བཞིའི”སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། “ཐོན་སློབ་ཞིབ་གསུམ”མཉམ་འདྲེས་ཟབ་ཏུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་པར། ལོ་ལྟར་ལོ་ལེགས་ཡོང་བ་རྒྱུན་འཁྱོངས་ཐུབ་ཅིང་། ན་ནིང་འབྲུ་རིགས་ཐོན་འབབ་ཏུན་ཁྲི་6.51ཟིན་ཡོད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷུན་གྲུབ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བདེ་སྐྱིད་གཡང་འཛོམས་ཀྱིས། གོམ་སྟབས་རྗེས་མར་ལྷུན་གྲུབ་རྫོང་གིས་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། བརྟན་ཐོག་ཡར་བརྩོན་དང་ཡར་བརྟེན་བརྟན་སྐུལ་མཐའ་འཁྱོངས་བྱེད་པ་དང་། ཐོན་སྐྱེད་རིན་ཐང་དུང་ཕྱུར་སྟོང་གི་འགག་སྒྲོལ་བྱ་སྤྱོད་དོན་འཁྱོལ་བྱེད་པ། ནས་དང་། གཟན་རྩྭ། འབྲི་གཡག འཕན་པོའི་བལ་འཇམ་མ་རྩུབ་ཀྱི་ལུག་སོགས་ལེགས་ཆའི་ཐོན་ལས་ལ་གཞི་ཚུགས་ཏེ། ཚན་རྩལ་གྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སོན་ལས་དར་རྒྱས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ་དང་། སྒོ་དབྱེར་བརྟེན་ནས་གཏིང་ཤུགས་འཕེལ་བ། གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་བཅས་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་གསོག་འཇོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཆུས་ཀྲང་ཡན་ཧྲི་ཧུའེ་ཡིས། གོམ་སྟབས་རྗེས་མར་བྲག་ཡིབ་ཆུས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གནད་སྨིན་ཞབས་ཞུའི་ཐད་ཤུགས་སྣོན་དང་ལས་སྒྲུབ་ཀྱི་ཞིབ་མཆན་སྟབས་བདེ་རུ་བཏང་སྟེ་ཆེས་གདིང་རྩའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་གི་ཡིན། དུས་མཚུངས་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་ནོར་དོན་གྱི་རང་བརྟེན་ཞིབ་རྩིས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ“དོན་དག་དང་། འགན་འཁྲི། དབང་ཆ”བཅས་གསུམ་གཅིག་གྱུར་ཡོང་བར་བྱེད་པ་དང་། འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་དངུལ་རྩས་ཞབས་ཞུ་སྤུས་ལེགས་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ། གཞན་ཡང་། ས་རྒོད་གསར་སྦོལ་ཤུགས་ཆེན་བྱས་ནས་ས་ཞིང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི“ཞིང་ཆུང་སྦར་མཐིལ”ལྟ་བུ་དང“སྒོ་རའི་ཞིང་ཁ”ནུས་ཤུགས་ཡོད་རྒུས་གང་འགབ་སྤྱི་སྤྱོད་བྱས་ཏེ་མི་དམངས་ཀྱི་ཆེད་དུ་གཞུང་ཁོངས་རྒྱུ་ནོར་གྱི“ཁྱིམ་སོ”ཡག་པོ་སྲུང་བ་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་ཅིང་། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། གསར་གཏོད་ཀྱི་ཁོར་ཡུག་གཏོད་པ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཚང་མས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཐུབ།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་བུ་ཁྲིད་ཀྱིས་ཞུས)