《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月23日

རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2025ལོའི་ཚོགས་འདུ་ཐེངས་2པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསོད་ནམས་ཉི་མས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2025ལོའི་ཚོགས་འདུ་ཐེངས་2པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་། འཕྲིན་ཡིག་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་མཇུག་འགྲིལ་ཚོགས་འདུ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་འབྲེལ་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུར་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ལས་བྱེད་པ་བཅས་ཀྱིས་དར་ཆ་གསལ་སྟོན་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ནས་འདི་ལོའི་ལས་དོན་འཆར་འགོད་ཞིབ་ཚགས་བྱེད་པ་དང་ཚད་གཞི་དང་ཡང་ཡང་བསྡུར་ཏེ་ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་གོམས་སྟབས་གཅིག་གྱུར་དང་ཕྱོགས་མཐུན་ཤུགས་འདོན་བྱེད་ཐུབ་པ་བྱེད་དགོས། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། འགན་སྒྲུབ་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྲིད་གྲོས་འགན་སྒྲུབ་ཀྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་སྟེ་སྲིད་གྲོས་ཀྱི་གཟུགས་བརྙན་བཟང་པོ་སྔར་བས་བཏོད་ནས་སྲིད་གྲོས་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

(བསྟན་བློས་བསྒྱུར)