《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月18日

དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་ལས་རིགས་ཁག་གི་ཞལ་འདེབས་དངུལ་དང་དངོས་པོ་སྒོར་དུང་ཕྱུར་16.37རྩིས་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། གཞིས་རྩེའི་དིང་རིར་ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོམ་འགོག་གེགས་སེལ་གྱི་ཞལ་འདེབས་དངུལ་དང་དངོས་པོ་རྩིས་ལེན་དོ་དམ་དང་བཀོད་སྒྲིག་བེད་སྤྱོད་བྱས་ཏེ། ཡོམ་འགོག་གེགས་སེལ་གྱི་དངུལ་དང་དངོས་པོ་འགན་ལེན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པ་བརྒྱུད། ཟླ་1ཚེས་15ཉིན་གྱི་ཆུ་ཚོད་18བར། སྤྱི་ཚོགས་ལས་རིགས་ཁག་གི་ཞལ་འདེབས་དངུལ་དང་དངོས་པོ་ཁྱོན་བསྡོམས་སྒོར་དུང་ཕྱུར་16.37རྩིས་ལེན་བྱས་ཤིང་། དེའི་ཁྲོད་དངུལ་སྨར་སྒོར་དུང་ཕྱུར་15.31དང་། སྒོར་དུང་ཕྱུར་1.06རི་བའི་དངོས་ཟོག་ཡོད་ཅིང་། དེ་དག་གཙོ་བོ་གེགས་ཁུལ་གྱི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་འགན་ལེན་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་རེད།