ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ། 2024ལོའི་ཟླ་8ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་སྟེ་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཕུལ་དུ་བྱུང་བའི་གྲུབ་འབྲས་ནི་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་གཅིག་སྡུད་མཚོན་ཚུལ་ཞིག་རེད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཀྱང་རེད། དེ་ལས་དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད། 2024ལོའི་ཟླ་7ཚེས་26ཉིན་ནས་ཟླ་8ཚེས་11ཉིན་བར་འཚོགས་པའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་40དང་། དངུལ་གྱི་རྟགས་མ་27 ཟངས་ཀྱི་རྟགས་མ་24བཅས་ཁྱོན་རྟགས་མ་91བླངས་ཤིང་། རང་རྒྱལ་ལ་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱི་རྒྱལ་འགྲན་བསྡུར་ཁྲོད་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ་རེད། ཕ་རི་སིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་94དང་། དངུལ་གྱི་རྟགས་མ་76 ཟངས་ཀྱི་རྟགས་མ་50བཅས་ཁྱོན་རྟགས་མ་220བླངས་ཤིང་། དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་གསེར་གྱི་རྟགས་མའི་བང་རིམ་དང་བྱ་དགའི་རྟགས་མའི་བང་རིམ་གྱི་ཨང་དང་པོ་བསྟུད་མར་ཐེངས་དྲུག་བླངས་པ་རེད། འདི་ནི་2024ལོའི་ཟླ་8ཚེས་20ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི། ཧན་ཀྲེང་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཧོན་ཁྲེ་ཡིས་པར་བརྒྱབ།
《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ལམ་བུར་སྐྱོད། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་བློ་འབྱེད》ཅེས་པའི་རིག་མཛོད་སྙན་ཞུ་ཡོངས་བསྒྲགས་བྱས་པ། 2024ལོའི་ཟླ་8ཚེས་27ཉིན། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས་པེ་ཅིང་དུ《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ལམ་བུར་སྐྱོད། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་བློ་འབྱེད》ཅེས་པའི་རིག་མཛོད་སྙན་ཞུ་ཡོངས་བསྒྲགས་བྱས་པ་རེད། འདི་ནི《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ལམ་བུར་སྐྱོད། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་བློ་འབྱེད》ཅེས་པའི་རིག་མཛོད་སྙན་ཞུ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེན་ཡེ་ཧྭ་ཡིས་པར་བརྒྱབ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གངས་འཁྱགས་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ། 2024ལོའི་ཟླ་11ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《གངས་འཁྱགས་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ནང་། 2027ལོར་སླེབས་སྐབས་གངས་འཁྱགས་དཔལ་འབྱོར་གྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.2ཟིན་པ་བྱེད་རྒྱུ་དང་2030ལོར་སླེབས་སྐབས་སྒོར་དུང་ཕྱུར་ཁྲི་1.5ཟིན་པ་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད། འདི་ནི་2024ལོའི་ཟླ་11ཚེས་23ཉིན། ཅི་ལིན་གྲོང་ཁྱེར་གངས་འཁྱགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོད་ལྟ་ཁུལ་པེ་ཏ་མཚེའུ་གངས་ཤུད་སྤྲོ་གསེང་ཁུལ་དུ་གངས་ཤུད་ལ་དགའ་པོ་བྱེད་མཁན་ཚོས་གངས་ཤུད་གློད་བཞིན་པ། (མི་མེད་གནམ་གྲུས་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡན་ལིན་ཡུན་གྱིས་པར་བརྒྱབ།
རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སྤོ་ལོ་ཆེ་གྲས་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་པ། ཀྲུང་གོའི་སྤོ་ལོ་ཆེ་གྲས་གསུམ་གྱི་རྩལ་འགྲན་གྱི་ནུས་པ་དེ་མིག་སྔར་ཅུང་ཞན་པོ་ཡོད་པས། འཛམ་གླིང་གི་རུ་ཁག་སྟོབས་ཆེན་དང་བསྡུར་ན་ཧེ་བག་མངོན་གསལ་དོད་པོ་ཡོད་པ་རེད། དེས་ན་སྤོ་ལོ་ཆེ་གྲས་གསུམ་གྱི་ལུས་རྩལ་ཁྱབ་གདལ་དང་ས་གནས་ཁག་གི་གཞོན་ནུའི་སྦྱོང་བརྡར་ལ་དམ་འཛིན་བྱེད་པའི་ཧུར་སེམས་འཕེལ་བར་བྱས་ནས་དར་རྒྱས་གོང་འཕེལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱ་ཆེད། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སྤོ་ལོ་ཆེ་གྲས་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་2024ལོའི་ཟླ་11ཚེས་20ནས་28ཉིན་བར་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དང་གཡོད་དབྱང་གྲོང་ཁྱེར་དུ་འཚོགས་པ་དང་འགྲན་བསྡུར་དེ་རིགས་ལོ་ལྟར་སྐབས་རེ་གཉེར་རྩིས་ཡོད་པ་རེད། 2024ལོའི་ཟླ་12ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་རྐང་རྩེད་སྤོ་ལོ་དར་རྒྱས་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་དང་སྦྲགས། རྐང་རྩེད་སྤོ་ལོ་དར་རྒྱས་གཏོང་བ་ནི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལས་དོན་ཞིག་ཡིན་པས། སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་རྐང་རྩེད་སྤོ་ལོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས་ཞེས་བསྟན་པ་རེད། འདི་ནི་2024ལོའི་ཟླ་11ཚེས་27ཉིན་གཞོན་ནུ་ལོ་ཆུང་གི་སྤོ་ལོ་ཆེ་གྲས་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་རྐང་རྩེད་སྤོ་ལོའི་རྣམ་གྲངས་ཀྱི་སྐྱེས་པའི་གསེར་གྱི་རྟགས་མའི་འགྲན་བསྡུར་ནང་། ཧྲན་ཏུང་རུ་ཁག་གིས་1བསྡུར་0གྱི་ཐོག་ནས་ཧྲང་ཧའེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུའེ་ཡུས་ཀེས་པར་བརྒྱབ།
《ལུས་རྩལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ། 2024ལོའི་ཟླ་11པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་མཉམ་དུ《ལུས་རྩལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། 2024ལོའི་ཟླ་11ཚེས་22ནས་30ཉིན་བར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ལུས་རྩལ་པ་6960འགྲན་བསྡུར་ལ་ཞུགས་ཡོད་པ་དང་། རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ལ་ས་ཁུལ་ཁག་གི་འཐུས་མི་ཚོགས་པ་མཉམ་འཛོམས་ཆེ་མོ་ཐེངས་དང་པོ་བྱུང་བ་རེད། འདི་ནི་2024ལོའི་ཟླ་11ཚེས་22ཉིན་པར་བླངས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀུའོ་ཁྲེང་གིས་པར་བརྒྱབ།