《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月17日

ཅིན་ཡུང་པིང་སོགས་བློ་མཐུན་9ཡིས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱས་པ་དང་ལེན་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

(2025ལོའི་ཟླ་1ཚེས་15ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

བློ་མཐུན་ཅིན་ཡུང་པིང་དང་ཀྲོའུ་ཆིང་ཅིའུ་བོད་ནས་ལས་གནས་སྤོ་འགྱུར་བྱས་པ་དང་། བློ་མཐུན་ལི་ཅིན་དང་ཝུའུ་ཞན་ཧྥུང། ཀྲང་ཧའེ་པོ་བཅས་ཀྱི་ལས་ཀར་འགྱུར་ལྡོག་བྱུང་བ། བློ་མཐུན་ཏིང་ཀྲེ་ཧྥུང་དང་ཡུང་ཡུང་རྒན་ཡོལ་ཞུས་པ། བློ་མཐུན་ཝུའེ་ཧུང་དང་ཧྥན་ཤིའུ་ལན་གཟུགས་པོའི་གནས་ཚུལ་བཅས་ཀྱི་དབང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་བཏོན་པ་བཞིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་གཞིར་བཟུང་། ཅིན་ཡུང་པིང་དང་། ཀྲོའུ་ཆིང་ཅིའུ། ལི་ཅིན། ཝུའུ་ཞན་ཧྥུང་། ཀྲང་ཧའེ་པོ། ཏིང་ཀྲེ་ཧྥུང་། ཡུང་ཡུང་། ཝུའེ་ཧུང་། ཧྥན་ཤིའུ་ལན་བཅས་བློ་མཐུན་9ཡི་དགོངས་ཞུ་དང་ལེན་བྱ་རྒྱུ།