ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དང་མཉམ་དུ་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་འོས་འགན་སྨན་བཅོས་དང་སྨན་སྦྱིན་པའི་བྱེད་སྒོ་སྤེལ་ཞིང་། འདི་ནི་སྨན་པས་ནད་པར་འོས་འགན་སྨན་བཅོས་བྱེད་བཞིན་པ།
ཉེ་ཆར། འཕྱོངས་རྒྱས་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྒྱལ་སྨན་ཤང་ཁྲིམས་འཛིན་སུའོ་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ་ཡིན་པའི་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོར་ཁྲིམས་སྐྱོང་རིག་གནས་ཀྱི་ཁྱམས་རིང་བསྐྲུན་ནས། གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་དང་ཆབས་ཅིག ཁྲིམས་སྐྱོང་གི་འདུ་ཤེས་ངང་ངམ་ཤུགས་སུ་མི་སེམས་ལ་ཟུག་པར་བྱས་པ་རེད། འདི་ནི་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཁྲིམས་སྐྱོང་རིག་གནས་ཁྱམས་རིང་གི་གྱང་བྲིས་རི་མོ་ཡིན་པ།
འདི་ནི་ཉེ་ཆར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་གཞི་རིམ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།