《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月15日

ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་གིས།

“དགུན་དུས་ཀྱི་བྱ་སྤྱོད”སྤེལ་ནས་ཕྱོགས་གཅིག་གི་དུས་བདེ་བསྲུངས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “དགུན་དུས་ཀྱི་བྱ་སྤྱོད”སྤེལ་བ་ནས་བཟུང་། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་གིས་འཕྲལ་དུ་དང་ལེན་ཞུས་ཏེ། གསར་དུ་བཏོད་པའི“1124” ཡི་ཉེན་དོན་རྣམ་པར་བརྟེན་ནས། དངོས་སྒྲུབ་འགན་འཁུར་གྱིས་ཕྱོགས་གཅིག་གི་བདེ་འཇགས་བསྲུངས་པ་རེད།

རྔ་ཆེན་མངགས་གཏོང་ཁང་གིས་དྲ་མིག་ཅན་གྱི་གཙང་བཤེར་བྱ་ཐབས་བརྒྱུད། བདེ་འཇགས་གཙང་བཤེར་ཆེན་པོ་དང་། མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ཆེན་པོ། གནད་དོན་བཅོས་སྒྲིག་ཆེན་པོ་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། “1124”ཡི་ཉེན་དོན་ལམ་སྲོལ་ལ་བརྟེན་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་25ལ་གྲལ་བཤེར་བཅོས་སྒྲིག་དང་། བདེ་འཇགས་ཞིབ་བཤེར་གྱི་བསམ་འཆར་ཡི་གེ་དང་སྤྱི་བདེའི་དྲན་སྐུལ་ཡི་གེ་སྤྲོད་པ། ཉེན་ཁར་སྔོན་འགོག་དང་འགལ་བ་སྣ་ཚོགས་ཡག་པོ་སེལ་བ། བརྟན་ལྷིང་དང་འབྲེལ་བའི་གྱོད་གཞི་དང་དོན་རྐྱེན་ཐོན་རྒྱུ་རྩ་བའི་ཆ་ནས་བཀག་འགོག་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་མིར་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བཏོད་པ་རེད།

དགུན་ཁ་ཤར་ཚུན། ངལ་རྩོལ་པ་དང་ངལ་རྩོལ་གླ་ཆའི་རྩོད་གཞི་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། རྔ་ཆེན་མངགས་གཏོང་ཁང་གིས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་ལ་བསྐྱོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། “རིམ་གསུམ་སྒྲོམ་གཞིའི”བཅོས་སྒྲིག་བྱ་ཐབས་བརྒྱུད། འགལ་བ་དང་རྩོད་གཞི་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཤིང་། འགལ་བ་དང་རྩོད་གཞི་ཁག་45 ལྷག་ཙམ་འདུམ་འགྲིག་བདེ་བླག་བྱས་ཏེ། ས་གནས་ས་ཐོག་ཏུ་འགལ་བ་བསལ་བ་དང་། གཞི་རིམ་དུ་རྩོད་གཞི་བསལ་བར། མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

ལོ་འགོར། སྤྱི་ཚོགས་ཀྱི་བདེ་འཇགས་གནད་དོན་མངོན་གསལ་དོད་ཅིང་། རྔ་ཆེན་མངགས་གཏོང་ཁང་གིས་རྒྱུ་ནོར་ལ་བཙན་གནོད་གཏོང་བའི་ཐོན་མང་བའི་གྱོད་གཞིར་དམིགས་ནས། “ཚོད་འཛིན་གཅིག་དང་གཙང་བཤེར་གསུམ” གྱི་ལམ་སྲོལ་དོན་འཁྱོལ་གྱིས་རིམ་པ་དང་རིགས་དབྱེ་ནས་རྒྱུ་ནོར་ལ་བཙན་གནོད་གཏོང་བའི་གྱོད་གཞི་མང་པོ་མྱུལ་ཞིབ་ཐག་གཅོད་བྱས་ནས། མང་ཚོགས་ལ་སྒོར་ཁྲི་5ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་ཏེ། གྱོད་གཞི་མྱུལ་ཞིབ་ཐག་གཅོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ནས། མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པར་བྱས་པ་རེད།

རྔ་ཆེན་མངགས་གཏོང་ཁང་གིས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ངོ་གཏུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་རྐུ་འཕྲོག་དང་། མགོ་སྐོར། ཁ་བསླུས། མེ་སྐྱོན་སོགས་འགོག་པའི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)