《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

དམངས་སེམས་གཅིག་མཐུན། དུས་ངལ་མཉམ་སེལ།

འདི་ནི་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་གནས་སྤོས་ཉེན་རྟོག་པས་དིང་རི་རྫོང་གྲམ་སོ་ཤང་རྩྭ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་རོགས་སྐྱོབ་བྱེད་བཞིན་པ།

འདི་ནི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་སྐྱོང་པས་ཡོམ་ལྟེ་ནས་ཡོང་བའི་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་གནས་ཚུལ་ལ་ལྟ་བཞིན་པ།

འདི་ནི་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཕྲུ་གུས་སྤྱི་བདེ་ཉེན་རྟོག་པར་གུས་འདུད་ཞུ་བཞིན་པ།

འདི་ནི་དིང་རི་རྫོང་མཚོ་སྒང་ཤང་གི་བྱམས་སེམས་ཅན་གྱི་མི་སྣས་ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རིན་མེད་ཟ་མ་ཚ་པོ་སྤྲོད་བཞིན་པ།

འདི་ནི་གློག་ཤུགས་ལས་མིས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་བར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་གློག་ཁྲིད་བཞིན་པ།

འདི་ནི་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོའི་གེགས་ཁུལ་མང་ཚོགས་ཀྱིས་ལྕགས་ཐབ་ལེན་བཞིན་པ།

འདི་ནི་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་བར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་ཡིན་པ།

འདི་ནི་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་ཚོགས་པོ་གྲོང་ཚོའི་ལས་བྱེད་པས་གེགས་ཁུལ་མང་ཚོགས་སྒྲིག་འཛུགས་བྱས་ནས་ལྕི་བ་དབོར་བཞིན་པ།

པེ་ཅིང་གི་དུས་ཚོད་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ་ཞོགས་པའི་སྐྱ་མདས་གངས་ལྗོངས་ས་མཐོའི་གྲང་ངར་འབུད་བའི་སྐབས། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་སྔོན་གྱི་ལྷིང་འཇགས་དེ་བཅོམ།

ས་ཡོམ་བརྒྱབ་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་རོགས་སྐྱོབ་དུས་ཚོད་ཡག་ཤོས་དམ་འཛིན་གྱིས། ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་། འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་ཡོད།

གནོད་འཚེ་ནི་བཀའ་རྒྱ་དང་། དུས་ཚོད་ནི་ཚེ་སྲོག་ཡིན། འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན། སྤྱི་བདེ། དཔུང་སྡེའི་དཔོན་དམག་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་པ། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་བཅས་བྱས་ཏེ་ཡོམ་འཕྲོ་དང་དྲོད་ཚད་དམའ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱས།

ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད། གཞིས་རྩེའི་ཕྱོགས་སུ་སྐྱོད་པའི་གེགས་སེལ་དངོས་ཟོག་སྐྱེལ་མཁན་གྱི་མོ་ཊ་རེ་རེ་ལས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བརྩེ་བ་ཟབ་མོའི་དྲོ་སྐྱིད་དང་རེ་བ་སྦྱིན་པ་མངོན་གྱི་ཡོད། བཀོད་སྒྲིག་བྱ་ཡུལ་དུ་གུར་བརྒྱབ་པ་དང་། གློག་ཤར་གཏོང་ཐུབ་པ། གློག་སྒྲོན་ལྷམ་མེར་འཚེར་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཟ་མ་ཚ་པོ་ཟ་ཐུབ་པ་དང་དྲོ་སོབ་སོབ་ཀྱི་གུར་ནང་དུ་སྡོད་ཐུབ་པ་སོགས་ཀྱི་བརྙན་རིས་རེ་རེ་ལས་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་ཡོམ་ཁུལ་དུ་མི་སེམས་ལྷག་པར་འགུལ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོམ་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་སོང་བས། དུས་ངལ་མཉམ་སེལ་གྱིས་གྲང་ངར་ཆེ་བའི་དགུན་ཁ་སྒྲོལ་ཐུབ་ངེས་རེད།