《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

དབྱི་ལུང-2Hའཕྲལ་སྡོམ་གེགས་སེལ་གྱི་མི་མེད་གནམ་གྲུ་ཡོམ་ཁུལ་དུ་འཕུར་བ།

འདི་ནི་དབྱི་ལུང-2Hའཕྲལ་སྡོམ་གེགས་སེལ་གྱི་མི་མེད་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཟླ་1ཚེས་7དང་8ཉིན་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གཞིས་རྩེའི་ཞི་བདེ་གནམ་ཐང་དུ་བཀོད་སྒྲིག་དུས་ཡུན་རིང་པོ་བྱས་པའི་དབྱི་ལུང-2Hའཕྲལ་སྡོམ་གེགས་སེལ་གྱི་མི་མེད་གནམ་གྲུ་ཡོམ་ལྟེར་ཐེངས་གཉིས་བཏང་སྟེ་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། ས་དབྱིབས་རྙོག་འཛིང་ཆེ་བ་བཅས་ཀྱི་དམིགས་བསལ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཆ་རྐྱེན་འོག་ཛ་དྲག་གི་གནོད་འཚེའི་གནས་ཚུལ་མྱུལ་ཞིབ་ཀྱི་ལས་འགན་བསྒྲུབས་ཏེ་དིང་རི་རྫོང་གི་ས་ཡོམ་གྱི་ཡོམ་ལྟེའི་ས་ཁོངས་སུ་གནོད་འཚེའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་མྱུལ་ཞིབ་བྱས་ནས་མཁའ་དབྱིངས་སུ་འཕུར་ཡུན་ཆུ་ཚོད་12ལྷག་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་12ནས་བཟུང་། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་གཞིས་རྩེའི་ཞི་བདེ་གནམ་ཐང་དུ་དབྱི་ལུང-2Hའཕྲལ་སྡོམ་གེགས་སེལ་གྱི་མི་མེད་གནམ་གྲུ་བཀོད་སྒྲིག་དུས་ཡུན་རིང་པོ་བྱས་ཡོད། གོམ་སྟབས་རྗེས་མའི་རོགས་སྐྱོབ་ཁྲོད་དབྱི་ལུང-2Hའཕྲལ་སྡོམ་གེགས་སེལ་གྱི་མི་མེད་གནམ་གྲུ་དང་དེའི་ཚོགས་པས་ཆུ་ཚོད་24ཐོན་ཆོག་བྱས་ཏེ་ཕྱོགས་ཡོངས་དང་བར་མཚམས་མེད་པར་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དམག་གྲབས་ལས་རེས་ཀྱི་ལས་འགན་ལྕི་པོ་ཁུར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ཆེད་མཁའ་འགྲུལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།