འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཡོད། གནོད་འཚེ་ནི་བཀའ་རྒྱ་དང་འགན་འཁྲི་ནི་རི་ལས་ཆེ། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་འཕྲལ་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་ཁྲི་500བཏང་སྟེ་ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། རྩ་འཛུགས་ཀྱི་ཐུགས་ཁུར་གནང་ལུགས་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་བརྒྱུད་སྤྲོད་བྱས་ཏེ་ཀུན་སེམས་གཅིག་མཐུན་དང་དུས་བཅད་ཁྱད་བསད་ཀྱི“གསར་བརྗེའི་སྟོབས་ཤུགས”རྒྱ་ཁྱབ་གཅིག་སྡུད་བྱས་ཡོད། ཏང་དངུལ་དེ་དག་གཙོ་བོ་གནོད་འཚེ་ཕོག་ཁུལ་གྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་། འཐབ་ཕྱོགས་དང་པོར་འཐབ་འཛིང་བྱེད་བཞིན་པའི་གཞི་རིམ་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པར་སྤྱོད་རྒྱུ་རེད།