ཉེ་ཆར་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བོད་ལྗོངས་ལྟ་འདོམས་ཅུས་ཕུའུ་ཧྥ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་མཉམ་དུ། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་སློབ་མ་ཚོར་ཁྲིམས་འགལ་གྱི་དངུལ་རྩར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། འདི་ནི་བྱེད་སྒོ་སྤེལ་རིང་། ལྗོངས་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་ཉེན་རྟོག་དཔོན་གྱིས་སློབ་མར་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་དང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ལ་དོགས་ཟོན་བྱེད་པའི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།