ཕྱི་དངུལ་སྲིད་ཇུས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་སྔར་བས་ཤུགས་བརྒྱབ་སྟེ། ཕྱི་དོན་དང་འབྲེལ་བ་ཡོད་པའི་བྱེད་པོའི་ཕྱི་དངུལ་སྲིད་ཇུས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། ཉེ་དུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉིང་ཁྲི་ཡན་ལག་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་ཞ་མོན་ཐང་ཆེན་དུ་ཕྱི་དངུལ་སྟབས་བདེ་ཅན་གྱི་སྲིད་ཇུས་ཆེད་དོན་དྲིལ་བསྒྲགས་བྱས་པ་རེད། འདི་ནི་ལས་དོན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མང་ཚོགས་ལ་ཕྱི་དངུལ་གྱི་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།