《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月09日

པར་རིས་གསར་འགྱུར།

གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་འཕྲལ་སྡོམ་བརྡ་ལན་ཧུར་ཐག་ཞུས་ཏེ་དུས་ཐོག་ཏུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་23ཙམ་ལ་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ཁྱོན་མི་600དང་རླངས་འཁོར་106བཏང་བའི་ནང་མི་270དང་རླངས་འཁོར་48ཤང་གསུམ་གྱི་འཐབ་ས་དང་པོར་རོགས་སྐྱོབ་ལ་མངགས་ཡོད། ཉིན་དེར་ས་ཁོངས་15ལ་འཚོལ་སྐྱོབ་དང་མང་ཚོགས་767འཚོལ་སྐྱོབ་བྱས་ནས་བདེ་འཇགས་གནས་སུ་བསྐྱལ་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་མེ་གསོད་རུ་མིས་རོགས་སྐྱོབ་བྱེད་བཞིན་པ།