《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月08日

2024ལོའི་ཀྲུང་གོའི་ལུས་རྩལ་པ་རྩེ་གྲ་བཅུ་བདམས་པ།

ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས།

6 དབྱང་ཅ་ཡུས། (བུད་མེད། ལོ་28 མཆོང་རྒྱུག་འཕེན་གསུམ) དབྱང་ཅ་ཡུས་ཀྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་འགྲོས་མཐའ་བསྡུར་ནང་ཆུ་ཚོད་1དང་སྐར་མ་25དང་སྐར་ཆ་54ཡི་ཐོག་ནས་ཨང་དང་པོ་བླངས་ཏེ་ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་བཅས་ཀྱི་ཨང་དང་པོ་དང་འཛམ་གླིང་གི་ཟིན་ཐོ་གཏོད་མཁན་བཅས་ཆ་ཚང་ལེན་མཁན་དུ་གྱུར་ཡོད། འདི་ནི་2024ལོའི་ཟླ་8ཚེས་1ཉིན། དབྱང་ཅ་ཡུས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་་འཕེན་གསུམ་གྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་འགྲོས་ཀྱི་མཐའ་བསྡུར་ནང་ཞུགས་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཅིང་གིས་པར་བརྒྱབ།

7 ཀྲེང་ཆིན་ཝུན། (བུད་མེད། ལོ་22 དྲ་བའི་སྤོ་ལོ) ཀྲེང་ཆིན་ཝུན་ལ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་མཐའ་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་པ་དང་། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་ཐོབ་མཁན་ཨེ་ཤེ་ཡའི་སྤོ་ལོ་རྒྱག་མཁན་དང་པོར་གྱུར་པ་རེད། དེ་ཙམ་མ་ཟད་ཁོ་མོར་ད་དུང་ཨོ་སི་ཁྲུ་ལི་ཡའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ་དང་མི་སྒེར་གྱི་ཨང་དང་པོའི་འབྲས་བཟང་བཏོད་ཡོད། ཁོང་ལ་ད་དུང་སྔ་རྗེས་སུ་ཝུའུ་ཧན་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་དང་བུད་མེད་ཀྱི་དྲ་བའི་སྤོ་ལོའི་བདམས་ཐོན་པའི་མཐུན་ཚོགས་ཀྱི(WTA)ལོ་མཇུག་གི་མཐའ་བསྡུར་ནང་ཨང་གཉིས་པ་ཐོབ་ཡོད། WTAཡི་ལོ་མཇུག་གི་དཔྱད་འདེམས་ནང་ཀྲེང་ཆིན་ཝུན་ལ་2024ལོའི་འགྲན་དུས་ཀྱི་སྤོ་ལོའི་དབྱིངས་པ་ཚོས་དགའ་ཤོས་བྱེད་པའི་རྐྱང་རྒྱག་པ་དང་འགྲན་བསྡུར་250ཡི་དུས་ཚོད་ཡག་ཤོས་ཀྱི་བྱ་དགའ་ཐོབ་མཁན་དུ་གྱུར་ཡོད། འདི་ནི་2024ལོའི་ཟླ་8ཚེས་3ཉིན་ཀྲེང་ཆིན་ཝུན་གྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་མཐའ་བསྡུར་མཇུག་འགྲིལ་རྗེས་དགའ་འབོད་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀའོ་ཅིང་གིས་པར་བརྒྱབ།

9 9 ཅང་ཡུས་ཡན། (བུད་མེད། ལོ་20 དབང་སྐྱོན་ཆུ་རྐྱལ) ཅང་ཡུས་ཡན་ལ་ཕ་རི་སིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་རྣམ་གྲངས་ནང་གསེར་གྱི་རྟགས་མ་7ཐོབ་པ་དང་། འཛམ་གླིང་གི་ཟིན་ཐོ་གཉིས་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསུམ་བཏོད་ཡོད། མཇུག་འགྲིལ་མཛད་སྒོའི་ཐོག་ཅང་ཡུས་ཡན་དང་སྐྱེས་པའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཏི་ཏུང་ཏུང་གིས་ཀྲུང་གོའི་འཐུས་མི་ཚོགས་པའི་དར་ཆ་བ་བྱས་པ་རེད། འདི་ནི་2024ལོའི་ཟླ་9ཚེས་4ཉིན། ཅང་ཡུས་ཡན་གྱིས་ཕ་རི་སིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་གྱི་བུད་མེད་ཀྱི་སྨི་100ཡི་རང་མོས་ཆུ་རྐྱལ་S7རིམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ལྟད་མོ་བར་གུས་འདུད་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུང་ཆི་ཡིས་པར་བརྒྱབ།

10 ཕན་ཀྲན་ལེ། (སྐྱེས་པ། ལོ་20 ཆུ་རྐྱལ) ཕན་ཀྲན་ལེ་ལ་ཏེ་ཧའི་ཆུ་རྐྱལ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་གསེར་གྱི་རྟགས་མ་4ཐོབ་པ་མ་ཟད། སྐྱེས་པའི་སྨི་4×100ཡི་རང་མོས་ཆུ་རྐྱལ་རྒྱུག་མཐུད་འགྲན་བསྡུར་ནང་སྨི་100ཡི་རང་མོས་ཆུ་རྐྱལ་གྱི་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ནང་སྐྱེས་པའི་སྨི་100ཡི་རང་མོས་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། མི་སྒེར་གྱིས་རྒྱུན་འཁྱོངས་བྱས་པའི་འཛམ་གླིང་གི་ཟིན་ཐོ་གསར་པའང་བཏོད་ཡོད། ཁོང་དང་རུ་མིར་ད་དུང་སྐྱེས་པའི་སྨི་4×100ཡི་མཉམ་བསྲེས་ཆུ་རྐྱལ་རྒྱུག་མཐུད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། འདི་ནི་2024ལོའི་ཟླ་7ཚེས་31ཉིན། ཕན་ཀྲན་ལེས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་100ཡི་རང་མོས་ཆུ་རྐྱལ་གྱི་མཐའ་བསྡུར་མཇུག་འགྲིལ་རྗེས་དགའ་འབོད་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུའུ་ཡུས་ཀྱིས་པར་བརྒྱབ།

8 ཧྲེང་ལི་ཧའོ། (སྐྱེས་པ། ལོ་20 ཚ་ཁ) ཧྲེང་ལི་ཧའོ་དང་ཧོང་ཡུས་ཐིང་གཉིས་ལ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་སྨི་10ཡི་དབུགས་མདའི་མཉམ་བསྲེས་ཚོགས་པའི་རྣམ་གྲངས་ནང་སྐབས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་ཐོབ་པ་རེད། སྐྱེས་པའི་སྨི་10ཡི་དབུགས་མདའི་མཐའ་བསྡུར་ནང་ཧྲེང་ལི་ཧའོ་ཡིས་སྐར་གྲངས་252.2གྱི་ཐོག་ནས་ཨང་དང་པོ་བླངས་ནས་སྐབས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་མི་སྒེར་གྱི་གསེར་གྱི་རྟགས་མ་གཉིས་པ་དེ་བླངས་པ་རེད། འདི་ནི་2024ལོའི་ཟླ་7ཚེས་29ཉིན་ཧྲེང་ལི་ཧའོ་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཚ་ཁ་འགྲན་བསྡུར་གྱི་སྨི་10ཡི་དབུགས་མདའི་མཐའ་བསྡུར་མཇུག་འགྲིལ་རྗེས་ཨང་དང་པོ་ཐོབ་པར་དགའ་འབོད་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲའོ་ཏིང་ཀྲེས་པར་བརྒྱབ།