1 མཱ་ལུང་། (སྐྱེས་པ། ལོ་36 ཕིང་ཕང་སྤོ་ལོ) ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་སྐྱེས་པའི་ཚོགས་པའི་མཐའ་བསྡུར་ནང་། ཀྲུང་གོའི་སྐྱེས་པའི་ཕིང་ཕང་སྤོ་ལོའི་རུ་ཁག་གི་རུ་དཔོན་མཱ་ལུང་གིས་རུ་ཁག་གི་སྣེ་ཁྲིད་དེ་3:0གྱི་གྲུབ་འབྲས་ཐོག་ནས་སུའེ་ཏེན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་དང་དུས་མཚུངས། མི་སྒེར་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་དྲུག་པ་དེ་བླངས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མང་ཤོས་ཐོབ་མཁན་གྱི་ཀྲུང་གོའི་བདམས་ཐོན་པར་གྱུར་ཡོད། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་མཱ་ལུང་དང་གར་སྟབས་ཆུ་རྐྱལ་ལུས་རྩལ་པ་ཧྥེང་ཡུས་ཀྱིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་བའི་འགན་ཁུར་ཡོད། 2024ལོའི་ཟླ་10ཚེས་30ཉིན། མཱ་ལུང་ལ་2024ལོའི་རྒྱལ་ཁབ་དང་ས་ཁུལ་ཨོ་ལིམ་ཕིག་ཨུ་ལྷན་མཐུན་ཚོགས་ཀྱི་ཕུལ་བྱུང་ལུས་རྩལ་གྱི་བྱ་དགའ་ཐོབ་ཡོད། འདི་ནི་2024ལོའི་ཟླ་10ཚེས་30ཉིན་མཱ་ལུང་2024ལོའི་རྒྱལ་ཁབ་དང་ས་ཁུལ་ཨོ་ལིམ་ཕིག་ཨུ་ལྷན་མཐུན་ཚོགས་ཀྱི་ཕུལ་བྱུང་ལུས་རྩལ་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་རྗེས་ཀྱི་རྣམ་པ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མེང་ཏིང་པོས་པར་བརྒྱབ།
3 ཏེང་ཡཱ་ཝུན། (བུད་མེད། ལོ་19 རྐང་ འཁོར་ཆུང་ངུ) ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་རང་མོས་རྣམ་པའི་རྐང་འཁོར་ཆུང་ངུའི་སྤྱི་གླིང་འགྲན་བསྡུར་གྱི་མཐའ་བསྡུར་ནང་ཏེང་ཡཱ་ཝུན་གྱིས་སྐར་མ་92.60གྱི་ཐོག་ནས་ཨང་དང་པོ་བླངས་ཤིང་། དེའང་ཀྲུང་གོའི་རང་མོས་རྣམ་པའི་རྐང་འཁོར་ཆུང་ངུ་རུ་ཁག་ལ་ཐོབ་པའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་རེད། འདི་ནི་2024ལོའི་ཟླ་7ཚེས་31ཉིན་ཏེང་ཡཱ་ཝུན་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་རང་མོས་རྣམ་པའི་རྐང་འཁོར་ཆུང་ངུའི་སྤྱི་གླིང་འགྲན་བསྡུར་གྱི་མཐའ་བསྡུར་ལ་ཞུགས་པའི་རྣམ་པ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཧོ་ཧོ་ཡིས་པར་བརྒྱབ།
4 ཆོན་ཧུང་ཁྲན། (བུད་མེད། ལོ་17 ཆུ་མཆོང) ཏེ་ཧའི་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་ཆོན་ཧུང་ཁྲན་ལ་བུད་མེད་ཀྱི་སྨི་10ཡི་མཆོང་སྟེགས་ཀྱི་ཨང་དང་པོ་ཐོབ་པ་མ་ཟད། ཁྲེན་ཡུས་ཞི་དང་མཉམ་དུ་བུད་མེད་ཆ་སྒྲིག་གི་སྨི་10ཡི་མཆོང་སྟེགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་དང་། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཁོང་ལ་རྣམ་གྲངས་དེ་གཉིས་ཀྱི་ཨང་དང་པོ་ཐོབ་ནས། ཀྲུང་གོའི་རུ་ཁག་གི་ཨོ་རྩལ་འགྲན་ཚོགས་ལོ་རྒྱུས་ཐོག་ལོ་ན་གཞོན་ཤོས་ཀྱི་གསེར་གྱི་རྟགས་མ་གསུམ་ཐོབ་མཁན་དུ་གྱུར་ཡོད། འདི་ནི་2024ལོའི་ཟླ་8ཚེས་6ཉིན་ཆོན་ཧུང་ཁྲན་གྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་མཆོང་བུད་མེད་ཀྱི་སྨི་10ཡི་མཆོང་སྟེགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གསེར་གྱི་རྟགས་མར་འོ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཕུང་གིས་པར་བརྒྱབ།
5 ཏེང་ཀྲི་ཤོན། (བུད་མེད། ལོ་15 དྲག་རྩལ) འཛམ་གླིང་ཐའེ་ཅི་ཆོན་དྲག་རྩལ་གྱི་ལེགས་སྐྱེས་འགྲན་བསྡུར་སྐབས་བཞི་པའི་ནང་། སྐབས་དེ་དུས་ལོ་14ལ་སླེབས་པའི་ཏེང་ཀྲི་ཤོན་ལ་བུད་མེད་ཀྱི་རྩེད་བདེའི་ཐའེ་ཅི་གྲི་རྩལ་གྱི་ལུགས་32དང་ཝུའུ་ལུགས་ཐའེ་ཅི་ཆོན་དྲག་རྩལ་གྱི་ལུགས་46གི་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་ནས། ཀྲུང་གོའི་རུ་ཁག་གི་ལོ་ན་གཞོན་ཤོས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་གཉིས་ཐོབ་མཁན་དུ་གྱུར་ཡོད། འདི་ནི་2024ལོའི་ཟླ་8ཚེས་27ཉིན་ཏེང་ཀྲི་ཤོན་འཛམ་གླིང་ཐའེ་ཅི་ཆོན་དྲག་རྩལ་གྱི་ལེགས་སྐྱེས་འགྲན་བསྡུར་སྐབས་བཞི་པའི་ཝུའུ་ལུགས་ཐའེ་ཅི་ཆོན་དྲག་རྩལ་གྱི་ལུགས་46གི་འགྲན་བསྡུར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ། (ཏེང་ཀྲི་ཝུའེ་ཡིས་པར་བརྒྱབ)
2 ཀྲུང་གོའི་སྒྱུ་རྩལ་རྩལ་ སྦྱོང་རུ་ཁག
ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་སྒྱུ་རྩལ་རྩལ་སྦྱོང་གི་མཉམ་སྡེབ་ཀུན་ཐུབ་མཐའ་བསྡུར་ནང་ཀྲུང་གོའི་སྒྱུ་རྩལ་རྩལ་སྦྱོང་རུ་ཁག་ལ་སྐར་མ་69.800གྱི་ཐོག་ནས་རྒྱལ་ཁ་ཐོབ་སྟེ། རུ་ཁག་ལོ་རྒྱུས་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་རག་པ་རེད།
འདི་ནི་2024ལོའི་ཟླ་8ཚེས་10ཉིན་ཀྲུང་གོའི་རུ་ཁག་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་སྒྱུ་རྩལ་རྩལ་སྦྱོང་གི་མཉམ་སྡེབ་ཀུན་ཐུབ་མཐའ་བསྡུར་ལ་ཞུགས་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀོའོ་ཡུས་ཀྱིས་པར་བརྒྱབ།
ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས།