→ ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་གྱིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ལ་ཁ་གཏད་པའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུཌ་ཆེན་བཏང་བ་རེད། 2024ལོའི་ཟླ་1ནས་ཟླ་11པའི་བར་ཡུང་ཀྲོའུ་གྲོང་ཁྱེར་གྱི་ཤིང་ཏོག་དང་སྔོ་ཚལ་གྱི་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་125.64ཟིན་པའི་ནང་ཤང་ཀང་ལ་མཁོ་སྤྲོད་བྱེད་པའི་སྔོ་ཚལ་རིན་ཐང་གིས་རྒྱལ་ཡོངས་ཀྱི་རིན་ཐང་བསྡོམས་འབོར་གྱི་69.5%བཟུང་ཡོད་པ་རེད། འདི་ནི་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་ཧྲོའུ་ཡན་གྲོང་རྡལ་ཡུང་ཧྥུང་གྲོང་ཚོར་ཚལ་འདེབས་ཞིང་པས་སྔོ་ཚལ་འཐོག་བཞིན་པ།