↑ ཉེ་ཆར། སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཝུའུ་ཧྲེང་རྫོང་གི་ཕའོ་ཐང་དམངས་སྲོལ་རིག་གནས་བྱེད་སྒོ་སྐབས་བཅུ་གཉིས་པ་ཡན་ཁོའུ་གནའ་བོའི་གྲོང་རྡལ་དུ་གཉེར་བ་རེད། ཟས་རིགས་ཕའོ་ཐང་ཟ་བ་ནི་སི་ཁྲོན་བྱང་ཤར་ས་ཁུལ་གྱི་ཁྱད་ཆོས་མངོན་གསལ་དོད་པའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་ཞིག་ཡིན་པ་དང་། དེ་ལས་ལོ་ལེགས་ལ་རྟེན་འབྲེལ་ཞུ་ལུགས་དང་། གྲོང་པ་ཁྱིམ་མཚེས་ལ་ཐུགས་རྗེ་ཆེ་ཞུ་ལུགས། འབྱུང་འགྱུར་ལ་སྨོན་འདུན་བཟང་པོ་ཞུ་ལུགས་བཅས་མཚོན་གྱི་ཡོད་པ་རེད། འདི་ནི་ཝུའུ་ཧྲེང་རྫོང་ཡན་ཁོའུ་གནའ་བོའི་གྲོང་རྡལ་དུ་མི་རྣམས་ཀྱིས་མཉམ་དུ་ཕའོ་ཐང་གསོལ་སྟོན་ལ་རོལ་བཞིན་པ།