འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་6ཉིན། དམིགས་བསལ་གྱི་ཞལ་འདེབས་མཛད་སྒོ་ཞིག་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ཡན་ལག་ཚོགས་རའི་གྲས་ཤིག་ཡིན་པའི་བོད་ལྗོངས་ལྷ་སས་ཚོགས་ར་གཞན་སྟེ། ཅང་སུའུ་ཝུའུ་ཤིས་ཡན་ལག་ཚོགས་རར“བོད་ཀྱི་ཆུ་བཟང”ཞལ་འདེབས་བརྒྱབ་ནས། ས་གནས་གཉིས་ཀྱི་མི་དམངས་དབར་གྱི་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱས་ཡོད།
རླངས་འཁོར་རྡོག་ཐོན་གྱི་མཛད་སྒོར་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་ཞལ་འདེབས་རྒྱག་པའི་མཛད་སྒོས་ས་གནས་གཉིས་ཀྱི་མི་དམངས་དབར་གྱི་བར་ཐག་ཐུང་དུ་ཕྱིན་ཏེ། རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་ཚོང་དོན་སོགས་ཀྱི་ཁྱབ་ཁོངས་སུ་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བར་སྐུལ་མ་ཐེབས་པའི་རེ་བ་ཡོད་ཅེས་བརྗོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)