《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月05日

༄༅། །ས་མཐོའི་ཞིང་ལས་དངུལ་ཁང་།

ཚེ་དབང་དར་རྒྱས།

དུས་རབས་གསར་པའི་ཞིང་ལས་དངུལ་ཁང་གིས། །

དངུལ་རྩའི་ཞབས་འདེཊ་ནུས་པ་ལེགས་བཏོན་ཏེ། །

གྲོང་གསེབ་དར་རྒྱས་དང་ནི་དམངས་ཀྱི་སླད། །

ཞིང་གསུམ་ལས་དོན་སྒྲུབ་པ་ཨེ་མ་རྨད། །

ཞིང་གསུམ་ལས་ཀའི་སྲིད་ཇུས་ཉི་མའི་ཟེར། །

དམངས་ཕན་པད་མའི་ཚལ་ཏུ་རབ་འཕྲོས་པས། །

འབབ་འཕར་ཕྱུག་འགྱུར་འོད་སྟོང་ལམ་བུའི་ཐོག །

དམངས་རྣམས་འཚང་ག་ཤིག་ཤིག་བཞུད་འདི་མཚར། །

ཞིང་དངུལ་ལས་ཀའི་འགན་འཁྲི་གཟི་བརྗིད་ཆེ། །

ཞིང་དངུལ་ལས་ཀའི་དོ་དམ་ཁྱད་དུ་འཕགས། །

ཞིང་དངུལ་ལས་ཀའི་གྲུབ་འབྲས་གཡུར་དུ་ཟ། །

ཞིང་ལས་དངུལ་ཁང་ཀུན་གྱིས་སྨོན་པའི་ཡུལ། །

ས་བབ་མཐོ་ཡང་བློ་སྟོབས་མི་ཉམས་གཅིག །

དཀའ་ངལ་ཆེ་རུང་སྙིང་སྟོབས་མི་ཆག་གཉིས། །

ལས་དོན་མང་ཡང་རྣམ་འགྱུར་ལེགས་དེ་གསུམ། །

ཞིང་དངུལ་ལས་བཟོའི་ཁྱད་འཕཊ་ཡོན་ཏན་ཡིན། །

དམངས་ཕན་མཛད་ཕྱོཊ་སྲིད་ཇུས་བཟང་པོ་ཡིས། །

དཔལ་འབྱོར་འཕེལ་རྒྱས་མ་དངུལ་རོཊ་སྐྱོར་མཛད། །

དམངས་འཚོ་འཕེལ་རྒྱས་ཡར་ངོའི་ཟླ་ལ་འགྲན། །

དམངས་ཀྱི་མཉེས་ཤོས་ཞིང་ལས་དངུལ་ཁང་ཡིན། །

ཆ་འཕྲིན་འཕེལ་རྒྱས་མྱུར་བའི་དུས་སྐབས་འདིར། །

དམངས་ཕན་བྱེད་སྒོ་ནམ་མཁའི་སྐར་ཚོཊ་བཞིན། །

དྲ་བའི་བྱེད་སྒོ་ཡུལ་གྲུ་ཀུན་ལ་ཁྱབ། །

དམངས་ལ་སྟབས་བདེ་བསྐྲུན་འདི་ཨེ་མ་མཚར། །

དམངས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཕྱིར། །

ཞིང་གསུམ་མ་དངུལ་རྒྱབ་སྐྱོར་མཐའ་འཁྱོངས་ཀྱིས། །

སྣ་མང་དངུལ་བུན་ལག་ཁྱེར་གསར་པ་བཟོས། །

དངུལ་བུན་གཡར་བར་སྟབས་བདེའི་ལམ་ཆེན་བསྐྲུན། །

ཐོན་ལས་ཞབས་ཞུའི་ལས་དོན་ཧུར་ཐག་སྒྲུབ། །

ཁེ་ལས་མང་པོར་མ་དངུལ་རྒྱབ་སྐྱོར་མཛད། །

ཁེ་ལས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་།

ཞིང་ལས་དངུལ་ཁང་དགོས་འདོད་ཀུན་འབྱུང་ཡིན། །

འཛད་སྤྱོད་དངུལ་བུན་དགོས་མཁོ་བསྐངས་པ་ཡིས། །

རབ་མཛེས་ཡིད་འོང་བ་གམ་ཁང་བཟང་བསྐྲུན། །

འཕྲུལ་འཁོར་ཆེ་ཆུང་སྐར་ཚོགས་བཞིན་དུ་མང་།

དམངས་ཀྱི་འཚོ་བ་དབྱར་མཚོ་བཞིན་དུ་འཕེལ། །