པི་ཨ་ཐེ་ལི་སི·ཆེ་པེ་ཐེ། (ཁེན་ནི་ཡ། བུད་མེད། ལོ་24 མཆོང་རྒྱུག་འཕེན་གསུམ) 2024ལོའི་ཟླ་5པར་ཆེ་པེ་ཐེ་ཡིས་སྐར་མ་28དང་སྐར་ཆ་54གྲངས་ཆུང་14ཡི་གྲུབ་འབྲས་ཐོག་ནས་ཕུའུ་ལེ་ཧྥང་ཏན་འགྲན་བསྡུར་རྩེ་གྲའི་བུད་མེད་ཀྱི་སྨི་10000ཡི་ཨང་དང་པོ་བླངས་པ་དང་དུས་མཚུངས་རྣམ་གྲངས་དེའི་འཛམ་གླིང་གི་ཟིན་ཐོ་བཏོད་ནས་འཛམ་གླིང་ཐོག་གི་འགྲན་རའི་སྨི་ཁྲི་ཡི་འབྲིང་རྒྱུག་སྐར་མ་29ནང་ཚུད་པའི་བུད་མེད་ལུས་རྩལ་པ་ཐོག་མར་གྱུར་ཡོད། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཁོང་ལ་བུད་མེད་ཀྱི་སྨི་5000དང་སྨི་10000ཡི་ཨང་དང་པོ་གཉིས་ཐོབ་ཡོད། འདི་ནི་2024ལོའི་ཟླ་8ཚེས་6ཉིན་ཨང་དང་པོ་ཐོབ་མཁན་ཁེན་ནི་ཡའི་བདམས་ཐོན་པ་ཆེ་པེ་ཐེ་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་སྨི་5000གི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཀང་གིས་པར་བླངས།
སྨི་ཧ་དབྱིན·ལུའོ་ཕེ་སི། (ཁུ་པ། སྐྱེས་པ། ལོ་42 སྦེ་ག) ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཨོ་རྩལ་འགྲན་ཚོགས་ལ་ཐེངས་དྲུག་ཞུགས་མཁན་ལུའོ་ཕེ་སི་ཡིས་བསྡུར་གྲངས་6:0གྱི་ཐོག་ནས་ཆི་ལིའི་བདམས་ཐོན་པ་ཨ་ཁོ་སི་ཐ·ཧྥེར་ནན་ཏེ་སི་ལས་རྣམ་པར་རྒྱལ་ཏེ་སྐྱེས་པའི་གནའ་བོའི་ལུགས་ཀྱི་སྤྱི་རྒྱ་130རིམ་པའི་ཨང་དང་པོ་བླངས་ནས། རྣམ་གྲངས་གཅིག་རང་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་བསྟུད་མར་ཐེངས་ལྔ་ཐོབ་པའི་སྐྱེས་པའི་སྦེ་གའི་ལུས་རྩལ་པ་ཐོག་མར་གྱུར་ཡོད། འདི་ནི་2024ལོའི་ཟླ་8ཚེས་6ཉིན་ཨང་དང་པོ་ལེན་མཁན་ཁུ་པའི་བདམས་ཐོན་པ་སྨི་ཧ་དབྱིན·ལུའོ་ཕེ་སི་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་སྐྱེས་པའི་གནའ་བོའི་ལུགས་ཀྱི་སྦེ་གའི་སྤྱི་རྒྱ་130རིམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧྥན་གྱིས་པར་བླངས།
ཞི་མོང·པེ་ཨེར་སི། (ཨ་རི། བུད་མེད། ལོ་27 ལུས་རྩེད) ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་བརྒྱུད་རྗེས“ལུས་རྩེད་རྒྱལ་མོར”གྲགས་པའི་པེ་ཨེར་སི་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་སླར་ཡང་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཅིག་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད། ཁོང་གིས་ཨ་རིའི་རུ་ཁག་ལ་རོགས་རམ་བྱས་ནས་བུད་མེད་ཚོགས་པའི་ཨང་དང་པོ་བླངས་པ་དང་། བུད་མེད་ཀྱི་མི་སྒེར་གྱི་ཀུན་ནུས་དང་ཤིང་རྟ་མཆོང་བའི་གསེར་གྱི་རྟགས་མ་བླངས་པ་མ་ཟད། ད་དུང་རང་མོས་ལུས་རྩལ་གྱི་དངུལ་གྱི་རྟགས་མ་ཡང་བླངས་ཡོད། འདི་ནི་2024ལོའི་ཟླ་8ཚེས་1ཉིན་ཨང་དང་པོ་ཐོབ་མཁན་ཨ་རིའི་བདམས་ཐོན་པ་པེ་ཨེར་སི་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ལུས་རྩེད་ཀྱི་བུད་མེད་ཀྱི་མི་སྒེར་གྱི་ཀུན་ནུས་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་རྗེས་གསེར་གྱི་རྟགས་མ་ངོམ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་ཚན་གྱིས་པར་བླངས།
ཨ་ལི་ས·ཐེ་ལུའུ། (ཨོ་སི་ཁྲུ་ལི་ཡ། བུད་མེད། ལོ་14 ཤུད་པང) 2024ལོའི་ཟླ་6པར་འཚོགས་པའི་འཛམ་གླིང་གི་མཐར་སོན་ལུས་རྩལ་འགྲན་ཚོགས་ཐོག་ཐེ་ལུའུ་ལ་ཤུད་པང་ཐད་དཔྱང་འགྲན་བསྡུར་དང་ཕོར་རྫིང་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་ནས་འགྲན་བསྡུར་དེའི་ནང་བསྟུད་མར་ཨང་དང་པོ་གཉིས་ཐོབ་པའི་བུད་མེད་བདམས་ཐོན་པ་ཐོག་མར་གྱུར་ཡོད། 2024ལོའི་ཟླ་8པར་ཁོང་གིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཤུད་པང་བུད་མེད་ཀྱི་ཕོར་རྫིང་འགྲན་བསྡུར་ནང་ཨང་དང་པོ་བླངས་ཡོད། 2024ལོའི་ཟླ་9པར་ཁོ་མོས་འཛམ་གླིང་ཤུད་པང་ལུས་རྩལ་འགྲན་ཚོགས་ཐོག་ཤུད་པང་ཐད་དཔྱང་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཡོད། ཁོང་ལ་ད་དུང་2024ལོའི་ལའོ་ལུན་སིའི་མཐར་སོན་ལུས་རྩལ་པ་རྩེ་གྲའི་བྱ་དགའ་ཐོབ་ཡོད། འདི་ནི་2024ལོའི་ཟླ་8ཚེས་6ཉིན་ཨོ་སི་ཁྲུ་ལི་ཡའི་བདམས་ཐོན་པ་ཨ་ལི་ས·ཐེ་ལུའུ་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཤུད་པང་གི་བུད་མེད་ཀྱི་ཕོར་རྫིང་འགྲན་བསྡུར་ནང་འགྲན་བསྡུར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེང་མིན་གྱིས་པར་བླངས།
མར་ཁེ་སི·ཝེ་སི་ཐ་ཕན། (ཧོ་ལན། སྐྱེས་པ། ལོ་27 རླངས་འཁོར་འགྲན་བསྡུར)
2024ལོའི་འགྲན་དུས་ཀྱི་འཛམ་གླིང་གི་རིམ་པ་དང་པོའི་མཉམ་བྱ་རྣམ་པའི་རླངས་འཁོར་ལེགས་སྐྱེས་འགྲན་བསྡུར(F1)མཇུག་བསྡུའི་ས་ཚིགས་ཀྱི་ཨབ་ཀྲ་པེ་བྱ་དགའ་ཆེན་པོའི་འགྲན་བསྡུར་ལ་གླང་དམར་རླངས་འཁོར་རུ་ཁག་གི་རུ་མི་ཝེ་སི་ཐ་ཕན་ལ་ཨང་དྲུག་པ་ཐོབ་པ་དང་། སྐར་མ་437གྱི་ཨང་རིམ་ཐོག་ནས་རླངས་འཁོར་གཏོང་མཁན་གྱི་སྐར་གྲངས་ཨང་དང་པོར་སླེབས་ནས་ལོ་བཞི་བསྟུད་མར་ཨང་དང་པོ་ཐོབ་ཡོད། ཁོང་ལོ་ཧྲིལ་པོའི་ས་ཚིགས་24ཡི་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཐོབ་པའི་སྟེགས་བུར་ཐེངས་14འཛེགས་པ་དང་ཡན་ལག་ས་ཚིགས་9ཡི་ཨང་དང་པོ་ཐོབ་ཡོད།
འདི་ནི་2024ལོའི་ཟླ་11ཚེས་24ཉིན་གླང་དམར་རླངས་འཁོར་རུ་ཁག་གི་ཧོ་ལན་གྱི་རླངས་འཁོར་གཏོང་མཁན་ཝེ་སི་ཐ་ཕན(དཀྱིལ)2024ལོའི་འགྲན་དུས་ཀྱི་ཨབ་ཀྲ་པེ་བྱ་དགའ་ཆེན་པོའི་འགྲན་བསྡུར་དངོས་ཚར་རྗེས་རང་ཉིད་ལ་F1རླངས་འཁོར་འགྲན་བསྡུར་གྱི་འཛམ་གླིང་གི་ཨང་དང་པོ་ཐེངས་བཞི་པ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ། (སུང་ཧའེ་ཡོན་གྱིས་པར་བླངས)