ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་ཆེད་དོན་ཞིབ་བཤེར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད། ལས་དོན་མི་སྣས་སྒོ་རྩིས་ཚོང་ཁང་དང་། ཞིང་ཟོག་ཁྲོམ་ར། ཡུལ་སྐོར་ཁྲོམ་ར། སྣུམ་སྣོན་ས་ཚིགས་སོགས་ལ་ཞིབ་བཤེར་གཙོ་གནད་དུ་བྱས་ཏེ་བཟའ་བཅའ་ཉར་ཚགས་བྱེད་སྟངས་བླང་བྱ་དང་མཐུན་མིན་དང་། ཕྱིར་ཚོང་བཟའ་བཅའི་དུས་ཚོད་ཡོལ་ཡོད་མེད་དང་ངོ་བོ་འགྱུར་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཡོད། དེ་དང་ཆབས་ཅིག་དམིགས་བསལ་སྒྲིག་ཆས་དང་། སྨན་རྫས། ཤོག་སྦག་སིལ་ཚོང་ཁང་བཅས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ཡོད། འདི་ནི་ལས་དོན་མི་སྣས་སྒོ་རྩིས་ཚོང་ཁང་དུ་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།