《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月21日

ཞི་ཅིན་ཕིང་གིས་ཨའོ་མོན་ཚན་རྩལ་སློབ་ཆེན་དུ་རྟོག་ཞིབ་གནང་བ།

ཟླ་12ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གི་ཕེབས་རོགས་འོག་ཨའོ་མོན་ཚན་རྩལ་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་སློབ་གྲྭའི་དཔེ་མཛོད་ཁང་དུ་དཔྱད་ཡིག་ལྟ་ཀློག་བྱེད་བཞིན་པའི་སློབ་མ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གི་ཕེབས་རོགས་འོག་ཨའོ་མོན་ཚན་རྩལ་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད།

ཨའོ་མོན་ཚན་རྩལ་སློབ་ཆེན་ནི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་བཙུགས་པའི་སློབ་ཆེན་གསར་པ་ཞིག་ཡིན་ཞིང་། ཨའོ་མོན་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོར་དམ་ཟབ་གཞིགས་ནས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཞིབ་འཇུག་ཁྱབ་ཁོངས་ལ་སྣང་ཆེན་བྱེད་ཀྱི་ཡོད་པ་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཨའོ་མོན་གྱི་སློབ་མ་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དུ་ཕེབས་ཏེ་སློབ་གྲྭ་དང་ཨའོ་མོན་གྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོཌ་ཞིབ་ཕྲ་གནང་བ་མ་ཟད། ཨའོ་མོན་གྱིས་སློབ་གསོའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་ཞབས་འདེཌ་ཞུ་རྒྱུ་མཐའ་འཁྱོངས་དང“སློབ་གསོར་བརྟེན་ནས་ཨའོ་མོན་དར་རྒྱས་གཏོང་བ་དང་ཤེས་ལྡན་པར་བརྟེན་ནས་ཨའོ་མོན་འཛུགས་སྐྱོང་བྱེད་པའི”གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ཞིབ་འཇུག་དང་ཟླ་བའི་གོ་ལ་དང་རྒྱུ་སྐར་ཚན་རིག་གི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་གནས་ཚུལ་ངོ་སྤྲོད་གསན་ནས་ཚན་ཞིབ་གྲུབ་འབྲས་གསར་ཤོས་མཁྱེན་རྟོཌ་གནང་བ་རེད། ཁོང་གིས། ཀྲུང་ལུགས་གསོ་རིག་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ཞིག་ཡིན་པས་ཀྲུང་ལུཌ་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་རྒྱུ་ནི་དོན་ཆེན་ཞིག་རེད། མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་འདི་རྒྱུན་འཛིན་ཡག་པོ་དང་། འཕེལ་རྒྱས་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས་ཀྲུང་ལུཌ་གསོ་རིག་འཛམ་གླིང་ཀུན་གྱིས་ཤེས་རྟོཌ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཟླ་དཔྱད་ལས་གཞིའི་གྲུབ་འབྲས་ལ་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་མི་རབས་ཁ་ཤས་ཀྱི་བློ་གྲོས་དང་སྙིང་སྟོབས་འདུས་ཡོད་པ་དེ་ལས་གཞོགས་གཅིག་ནས་ང་ཚོར་ལོ་འདི་དག་རིང་ཚན་རྩལ་རང་ཚུཌ་རང་དར་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་གྱི་ཡོད། ཁྱེད་ཚོའི་ལས་ཀའི་ཐོག་ནས་ཨའོ་མོན་གྱིས་མཐོ་མཁས་རྩེ་གསུམ་དང་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་རྩེ་གྲ་བྱེད་ཐུབ་པ་ར་འཕྲོད་བྱུང་ཡོད་ཅེས་གསུངས་པ་རེད།

2023ལོའི་ཟླ་5པར། ཞི་ཅིན་ཕིང་གིས“ཨའོ་མོན་གྱི་ཚན་རིག་དང་པོ”རྟགས་ཅན་གྱི་སྲུང་སྐར་ཞིབ་བཟོའི་ནང་ཞུགས་མཁན་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བར། ཨའོ་མོན་གྱི་ལས་རིགས་ཁག་གི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཞི་ཅིན་ཕིང་ཨའོ་མོན་ཚན་རིག་སློབ་ཆེན་སྲུང་སྐར་ཚན་རིག་དང་ཉེར་སྤྱོད་གྲངས་གཞིའི་ལྟེ་གནས་སུ་ཕེབས་ཏེ། གློག་རྡུལ་བརྙན་ཤེལ་ནས་སྲུང་སྐར་གྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ནས། རྣམ་གྲངས་ཀྱི་ཚན་ཞིབ་ཀྱི་འཕེལ་རིམ་དང་ཉེར་སྤྱོད་ཀྱི་མདུན་ལྗོངས་ལ་མཁྱེན་རྟོགས་གནང་བ་དང་འབྲེལ། དེ་གར་ཡོད་པའི་ཞིབ་འཇུག་པ་དང་སློབ་མའི་འཐུས་མིར་བྱམས་བརྩེའི་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། འདི་ནི་ཨའོ་མོན་དང་ནང་སའི་དབར་ཚན་རྩལ་མཐོ་བའི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་རེད། དེ་ཐོག་ནས་ཨའོ་མོན་ཚན་རྩལ་ལས་རིགས་ཀྱི་ཁྱད་དུ་འཕགས་པའི་གསར་གཏོད་དང་གསར་སྐྲུན་ནུས་པ་མངོན་ཡོད། ཁྱོད་ཚོས་ཡང་འབད་བསྐྱར་འབད་དང་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ། གྲུབ་འབྲས་དེ་བས་གཡུར་དུ་ཟ་བ་བླངས་ནས་ཨའོ་མོན་དང་རྒྱལ་ཁབ་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་། མིའི་རིགས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་རྒྱུའི་རེ་བ་ཡོད།

དེ་རྗེས། ཞི་ཅིན་ཕིང་སློབ་གྲྭའི་དཔེ་མཛོད་ཁང་དུ་ཕེབས་ཏེ། “གོ་ལ་ཧྲིལ་པོའི་ས་བཀྲའི་ནང་གི་ཨའོ་མོན”ཞེས་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་ཨའོ་མོན་གྱི་གནའ་བོའི་ས་བཀྲའི་འགྲེམས་སྟོན་ལ་གཟིགས་སྐོར་དང་མཛོད་དུ་ཉར་བའི་རྩ་ཆེའི་དཔེ་དེབ་ལ་གཟིགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་སྐབས། དཔྱད་ཡིག་ལྟ་བཞིན་པའི་སློབ་མ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས། ཞི་ཅིན་ཕིང་གིས་ཚང་མར་ཆེད་ལས་སློབ་སྦྱོང་དང་། ཞིབ་འཇུག་གི་ཁྱབ་ཁོངས། འཚོ་བའི་གནས་ཚུལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་ནས། སློབ་མ་ཚོར་སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས་དང་ཕན་ཐོགས་ཆེ་བའི་ཤེས་བྱ་མང་ཙམ་སྦྱངས་ཏེ། དྲ་རྒྱའི་ཐོན་ཁུངས་དག་སློབ་སྦྱོང་དང་ཚན་རིག་ཞིབ་འཇུག་གི་ལག་རོགས་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། དཔེ་མཛོད་ཁང་གི་ཚོམས་ཆེན་དུ་དགའ་བསུ་ཞུ་བའི་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་གྲགས་ཤིང་། ཚན་ཞིབ་པ་དང་དགེ་སློབ་ཚོས་སྐད་གསང་མཐོན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཨའོ་མོན་གྱི་སློབ་གསོ་དར་རྒྱས་འགྲོ་བ་དང་། ཚང་མར་སྙིང་སྟོབས་རབ་འཕེལ་དང་གདེང་ཚོད་ཀྱིས་ཁེངས་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་སློབ་གསོར་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་དང་ཨའོ་མོན་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་རིག་ཚན་མ་ལག་བཀོད་སྒྲིག་དང་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། ཁྱོད་ཚོས་ཕུགས་བསམ་ཆེན་པོ་བཅངས་ཏེ་མེས་རྒྱལ་དང་བདེ་སྡུག་མཉམ་མྱོང་དང་། དུས་རབས་དང་གོམ་པ་མཉམ་བགྲོད་ཀྱིས་རང་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་རེ་བ་ཡོད། ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་འབྱུང་འགྱུར་དེ་བས་ཡག་པ་དང་ཨའོ་མོན་གྱི་འབྱུང་འགྱུར་དེ་བས་ཡག་པ་ཡོང་བའི་སྨོན་འདུན་ཞུ་བ་དང་འབྲེལ་ཡིད་ཆེས་ཀྱང་ཡོད།

སློབ་གྲྭ་ནས་ཞལ་གྱེས་སྐབས། གཞུང་ལམ་གྱི་གཡས་གཡོན་དུ་དགེ་སློབ་ཀྱིས་ཁེངས་ཤིང་། ཚང་མས་ལག་པ་གཡུག་གཡུག་གིས་དགའ་འབོད་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་ཕེབས་སྐྱེལ་ཞུས་པ་རེད།

ཚའེ་ཆི་དང་། ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཝང་ཏུང་ཧྥུང་། ཤཱ་པའོ་ལུང་སོགས་བྱེད་སྒོར་ཞུགས་པ་རེད།

དེ་ཉིན་སྔ་དྲོར། ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧོ་དབྱི་ཁྲེང་གི་སྐུ་ཟླ་ཀྲེང་སུའུ་ཀྲེན་གྱི་ཕེབས་རོགས་འོག་ཨའོ་མོན་རྟེན་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་པ་རེད། ཕེང་ལི་ཡོན་གྱིས་རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས་ལ་ཞིབ་ཕྲ་གཟིགས་ཏེ། ཨའོ་མོན་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་། ཀྲུང་གོ་དང་ནུབ་ཕྱོགས་མཉམ་འདྲེས་ཀྱི་བཟོ་བཀོད་དང་། ལས་རིགས། རིག་གནས་འཚོ་བ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ་མ་ཟད། ས་གནས་དེ་གའི་སོ་ཕག་དཀར་རྩི་མའི་རི་མོ་དང་ཤིང་བརྐོས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་སྤེལ་རེས་ཀྱང་གནང་བ་རེད།

རྟེན་མཛོད་ཁང་གི་ཐོག་སོ་གསུམ་པའི་ཚོམས་ཆེན་དུ། ཕེང་ལི་ཡོན་གྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་མ་ཐག་པའི་གྲོགས་པོ་ཆུང་ཆུང་ཚོ་དང་ལྟ་སྐོར་གྱི་མྱོང་ཚོར་སྤེལ་རེས་གནང་བ་དང་འབྲེལ། རིག་གནས་བསམ་བཀོད་ཚོང་འདུས་སུ་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་འགྲེམས་སྟོན་ལ་གཟིགས་པ་དང་དེ་གར་ཁམ་ཚིག་བག་ལེབ་བཟོ་བའི་ནང་ཞུགས་པ་རེད། ཕེང་ལི་ཡོན་གྱིས་ཚང་མར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཤེས་བྱ་དང་རྩལ་ནུས་ཧུར་ཐག་སྦྱངས་ཏེ། ཨའོ་མོན་འཛུགས་སྐྲུན་དང་རྒྱལ་ཁབ་འཕེལ་རྒྱས་ནང་ཧུར་ཐག་ཞུགས་དགོས་པའི་སྐུལ་ལྕག་གནང་བ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)