《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月21日

ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཨའོ་མོན་དུ་འཚོགས་པ།

ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ།

ཟླ་12ཚེས་19ཉིན་གྱི་དགོང་མོར། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ཤིང་། འདི་ནི་མཚན་ཚོགས་མཇུག་འགྲིལ་ཉེར་ཡོད་པའི་སྐབས་སུ་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་ལེན་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་དགོང་མོར། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ་རེད།

ཆུ་ཚོད་20ཙམ་ལ། དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་སྐུ་ཟླ་ཀྲེང་སུའུ་ཀྲེན་གྱི་ཕེབས་རོགས་འོག་དགོང་ཚོགས་འཚོག་ཡུལ་དུ་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

གར་སྟེགས་ཐོག་གསེར་གྱི་པདྨ་ཞལ་ཁ་རབ་ཏུ་ཕྱེ་བ་དང་སྦྲགས། 《ང་དང་ངའི་མེས་རྒྱལ》དང《དོ་ནུབ་གཉིད་ཁུག་དཀའ》ཞེས་པའི་རོལ་མོ་དཀྲོལ་བ་དང་། 《བུ་སྤུན་བདུན་གྱི་གླུ་དབྱངས》ཞེས་པའི་བརྩེ་དུང་ཟབ་མོའི་འགྱུར་ཁུག་ཁྲོད། ཨའོ་མོན་གྱི་གྲོང་མིའི་འཐུས་མི་རྒན་དར་གཞོན་གསུམ་གྱིས་ཨའོ་མོན་དང་མཉམ་དུ་འཚར་ལོངས་བྱུང་བའི་ཐོབ་སྣང་དང་སྐྱིད་སྣང་མཚོན་པར་བྱས། མཉམ་གཞས《ཀྲུང་གོ ང་ཁྱེད་ལ་དགའ》ཞེས་པ་བླངས་ནས་སྤུན་ཟླ་ཨའོ་མོན་བས་མ་ཡུམ་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་མཚོན་པར་བྱས་ཡོད། དགོང་ཚོགས་ཧྲིལ་པོ་ལྟད་མོ་ཤིན་ཏུ་ཆེ་ཞིང་མཐོ་རླབས་ཡང་ཡང་འཕྱུར་བཞིན་ཡོད་པར། ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

མཚན་ཚོགས་མཇུག་འགྲིལ་མཚམས་སུ། ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་ནས། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་ཨའོ་མོན་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུས་པ་རེད། ཞི་ཅིན་ཕིང་གིས་ད་དུང་འཁྲབ་སྟོན་པ་དང་ལྟད་མོ་བ་ཡོངས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་བས། དགོང་ཚོགས་ཀྱི་རྣམ་པ་འཁྲུག་ཆ་དོད་ཤོས་སུ་གྱུར་ཏེ། གླུ་སྒྲ་དང་ཐལ་མོའི་རྡེབ་སྒྲས་ཚོགས་ར་ཡོངས་སྤྲོ་སྣང་འཁྱིལ་བའི་རྒྱ་མཚོ་ལྟ་བུར་གྱུར།

(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)