ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།
ཧེང་ཆིན་ནི་ཀོང་ཏུང་ཀྲུའུ་ཧའེ་ཡི་ལྷོ་སྣེར་གནས་ཤིང་། ཨའོ་མོན་དང་ཆུ་བོ་གཅིག་གིས་ཆོད་ཡོད། དེ་ནི་ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེང་ཆིན་ལ་རྟོག་ཞིབ་ཐེངས་མང་གནང་ནས་ཧེང་ཆིན་འཕེལ་རྒྱས་ལ་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། 2021ལོའི་ཟླ་9པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》ཡོངས་བསྒྲགས་བྱས་ནས་མཉམ་ལས་ཁུལ་འཛུགས་སྐྲུན་ལ་འཆར་གཞི་ཡག་པོ་བཀོད་ཡོད་པ་རེད།
ཧེང་ཆིན་ཐེན་མུའུ་ཆིན་ཐའེ་འགྲེམས་སྟོན་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས“ཆིན་ཨའོ་གཅིག་མཐུན། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཛུཌ་སྐྲུན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་ཞིང་། འགྲེམས་སྟོན་ཚོམས་ཆེན་གྱི་པར་རིས་དང་། དཔེ་རིས་དང་རེའུ་མིག དངོས་པོའི་དཔེ་དབྱིབས་བཅས་རེ་རེ་བཞིན་ལས་ཆིན་ཨའོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་གནས་ཚུལ་དང་ཉེ་བའི་ལོ་ཤས་རིང་། གཡོད་ཨའོ་མཉམ་ལས་གཏིང་ཟབ་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་ཐད་ཀར་མཚོན་ཡོད། ཞི་ཅིན་ཕིང་གིས་ཡང་ཡང་ཕེབས་མཚམས་བཞག་ནས་གཟིགས་ཞིབ་གནང་སྟེ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་བཙུགས་ནས་ལོ་3ལྷག་ཙམ་སོང་རིང་། ལས་དོན་ཁག་ལ་འཕེལ་རྒྱས་ཡག་པོ་བྱུང་བ་དང་། ཆིན་ཨའོ་གཞི་གཅིག་ཅན་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཏེ། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། ཀྲུང་དབྱང་གིས་ཧེང་ཆིན་གསར་སྤེལ་དང་མཉམ་ལས་ཁུལ་སྐྲུན་རྒྱུ་གཏན་འཁེལ་བྱས་པའི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།
ཞི་ཅིན་ཕིང་གིས་གཡོད་ཨའོ་ཡིས་ཀྲུང་ལུགས་གསོ་རིག་གི་རྩེར་སོན་ཚན་རྩལ་འདེགས་སྐྱོར་ལས་སྟེགས་མཉམ་དུ་བསྐྲུན་པའི་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས། ཁོང་ཚོས་རིག་ཚན་མང་བའི་སྔོན་ཐོན་ལག་རྩལ་བསྡུ་སྒྲིལ་གྱིས་ཀྲུང་ལུགས་གསོ་རིག་འཛམ་གླིང་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱེད་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཨའོ་མོན་གྱི་ཤིན་ཅེ་ཧྥང་ནི་ཧེང་ཆིན་གྱིས་ཨའོ་མོན་གྱི་གྲོང་མིར་བསྐྲུན་པའི་ཕྱོགས་བསྡུས་དམངས་འཚོའི་འདུ་འགོད་ཐོག་མ་དེ་ཡིན་པ་དང་། རྣམ་གྲངས་ཀྱི་འགྲེམས་ཁུལ་མདུན་དུ་ཞི་ཅིན་ཕིང་གིས་དེ་གར་འཚོ་སྡོད་བྱེད་བཞིན་པའི་གྲོང་མིའི་འཐུས་མི་དང་བྱམས་བརྩེའི་གླེང་མོལ་གནང་བ་རེད། གཞོན་ནུ་ལས་གཏོད་པའི་འཐུས་མིས་ཨའོ་མོན་ནས་ཧེང་ཆིན་དུ་གཞིས་ཆགས་ལས་གཏོད་བྱེད་པར་ཡོང་བའི་སྐོར་གསན་རྗེས། ཞི་ཅིན་ཕིང་གིས་གསུངས་དོན། ཁྱོད་ཚོའི་གསར་གཏོད་ལས་གཏོད་ཀྱི་གཏམ་རྒྱུད་ལས་ཨའོ་མོན་དུ་ཕུགས་བསམ་དང་འགན་འཁྲི་ཁུར་སེམས་ཡོད་པ་དང་། འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པའི་གཞོན་ནུ་ཁག་གཅིག་ཡོད་པ་གསལ་བཤད་བྱེད་ཐུབ། ཧེང་ཆིན་གསར་སྤེལ་འཛུགས་སྐྲུན་གྱིས་ཁྱོད་ཚོར་ལས་སྒྲུབ་ལས་གཏོད་ཀྱི་བར་མཐོངས་དང་གོ་སྐབས་ཆེན་པོ་མཁོ་འདོན་བྱས་ཡོད། འདི་གར་མདུན་ལམ་ཆེན་པོ་ཡོད་པས། ཨའོ་མོན་གྱི་གཞོན་ནུ་དེ་བས་མང་བས་ཧེང་ཆིན་དུ་ངོ་མཚར་ཆེ་བའི་མི་ཚེ་གཏོད་པའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཆར་འགོད་དང་། འཛུགས་སྐྲུན། དོ་དམ། ཞབས་ཞུ་སོགས་ལ་ཞུགས་མཁན་ཕྱོགས་ཁག་གི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་། ཁོང་གིས་གསུངས་དོན། “ཨའོ་མོན+ཧེང་ཆིན”དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་གཏོང་བའི་དཔེ་སྟོན་གསར་པ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཐོ་ས་གསར་པ། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མངོན་འགྱུར་བྱེད་སའི་ལས་སྟེགས་གསར་པ་བཅས་སུ་འགྱུར་བཞིན་ཡོད། ཁྱོད་ཚོ་ནི་ཧེང་ཆིན་འཛུགས་སྐྲུན་བྱེད་མཁན་གྱི་སྔོན་སྐྱོད་པ་དང་ལག་ལེན་པ་ཞིག་ཡིན་པས། རྒྱལ་ཁབ་དང་ཨའོ་མོན་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཧེང་ཆིན་གསར་སྤེལ་བྱེད་པའི་ཐོག་མའི་བསམ་འདུན་ནི་ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ཡོང་ཆེད་ཡིན་པ་བློ་ལ་བརྟན་པོར་ངེས་དགོས། བློ་བརྟན་འགྱུར་མེད་ངང་འཆར་འགོད་དོན་འཁྱོལ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། སྙིང་རུས་གཏན་འཁྱོངས་བཅས་བྱེད་དགོས། མཉམ་ལས་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས་ན། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་དང་ཨའོ་མོན་གྱི་གྲོང་མིའི་འཚོ་བ་དང་ལས་ཞུགས་ལ་སྟབས་བདེ་བསྐྲུན་པའི་ཐད་དངོས་འབྲེལ་དྲང་འབྲེལ་གྱི་བྱ་ཐབས་དང་གྲུབ་འབྲས་ཡོད་མེད་ལ་ལྟ་དགོས་པ་དང་། “ལམ་ལུགས་གཉིས”ཀྱི་ཕན་ནུས་འདོན་པ་དང་ས་གནས་གཉིས་ཀྱི་སྒྲིག་སྲོལ་སྦྲེལ་མཐུད་དང་ལམ་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་གསར་པ་གཏོད་ཡོད་མེད་ལ་ལྟ་དགོས། ཆིན་ཨའོ་གཞི་གཅིག་ཅན་ལ་བརྟེན་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁྲོམ་ར་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་ཐོན་ཡོད་མེད་ལ་ལྟ་དགོས། ཀོང་ཏུང་དང་། ཀྲུའུ་ཧའེ། ཨའོ་མོན་བཅས་ནི་མཉམ་ལས་ཁུལ་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་དང་ཕན་པ་ཐོབ་མཁན་ཡིན་པས། ཚང་མས་དམིགས་ཚད་འདིར་ཕྱོགས་ནས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར་ཚང་མས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ནས། མཉམ་ལས་ཁུལ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་མཉམ་སྦྲེལ་མཉམ་མཐུད”དང་། སྒྲིག་སྲོལ་ལམ་སྲོལ་གྱི“མཉེན་ཆས་མཉམ་སྦྲེལ་མཉམ་མཐུད” ཆིན་ཨའོ་ཡི་གྲོང་མིའི“སེམས་པ་མཉམ་འབྲེལ”བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཆིན་ཨའོ་དཔལ་འབྱོར་ཚད་མཐོའི་མཐུན་སྦྱོར་དང་སྒྲིག་སྲོལ་འབྲེལ་མཐུད་གཏིང་ཟབ་ཀྱི་ལམ་ལུགས་མ་ལག་གང་མགྱོགས་བསྐྲུན་ནས། ཆིན་ཨའོ་གཞི་གཅིག་ཅན་ཆུ་ཚད་དེ་བས་མཐོ་བར་སླེབས་པ་བྱེད་དགོས། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་། སྤུས་ལེགས་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན་ནས། སྤུན་ཟླ་ཨའོ་མོན་བ་འདི་གར་འཚོ་བ་སྐྱེལ་བ་དང་། ལས་ཞུགས། ལས་གཏོད་བཅས་བྱེད་པར་སྟབས་བདེ་སྐྲུན་དགོས། ཀྲུང་དབྱང་གིས་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་ཁག་གང་ལེགས་སྤྱོད་པ་དང་། ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁྲོམ་ར་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
ཚའེ་ཆི་དང་། ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཧོང་ཁུན་མིང་། ཝང་ཏུང་ཧྥུང་། ཤཱ་པའོ་ལུང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
(པ་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)